མའོ་ཞི་ཁོའི་ཙུང་ཐུང་གིས་ཨ་མེ་རི་ཁ་ཕྱོགས་གཅིག་གི་ཐབས་ཇུས་དེ་མའོ་ཞི་ཁོ་ཡིས་ནག་ཉེས་སྡེ་ཚོགས་ལ་ཆམ་ཕབ་གཏོང་བར་མི་ཕན་པའི་ཚུལ་བསྟན།
2025.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

མའོ་ཞི་ཁོའི་ཙུང་ཐུང་ཞིན་པའོ་མུའུ་ཡིས་ཚེས24ཉིན་རྒྱལ་ས་མའོ་ཞི་ཁོ་མཁར་ནས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕྱོགས་གཅིག་གི་ཐབས་ཇུས་དེ་མའོ་ཞི་ཁོ་ཡིས་ནག་ཉེས་སྡེ་ཚོགས་ལ་ཆམ་ཕབ་གཏོང་བར་མི་ཕན་པ་དང་། མའོ་ཞི་ཁོ་དང་ཨ་མེ་རི་ཁས་ཕན་ཚུན་བརྩི་འཇོག་དང་བདག་དབང་ལ་བརྩི་འཇོག་བྱེད་པའི་སྒྲོམ་གཞིའི་ནང་མཉམ་ལས་ལ་མཐུན་སྦྱོར་བྱེད་དགོས་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས20ཉིན་སྲིད་འཛིན་བཀའ་རྒྱ་སྤེལ་ཏེ། མའོ་ཞི་ཁོའི་དུག་འགོག་སྡེ་ཚོགས་ཁཱ་ཐི་ཨར་སོགས་རྩ་འཛུགས་དེ་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ཉེས་ཅན་དུ་ངོས་འཛིན་བྱས་ཡོད།

ཞིན་པའོ་མུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། མའོ་ཞི་ཁོ་ཕྱོགས་ཀྱིས་བཅའ་ཁྲིམས་ཀྱི་བརྡར་གཅོད་བྱེད་བཞིན་ཡོད་པ་དང་། ང་ཚོས་ཨ་མེ་རི་ཁའི་ཕྱོགས་ཀྱི་གྲོས་གཞིར་མཉམ་ལས་མཐུན་སྦྱོར་བྱས་ཏེ། མའོ་ཞི་ཁོའི་དྲག་ཤུགས་གནད་དོན་ཞི་འཇགས་སུ་གཏོང་བ་དང་། ཨ་མེ་རི་ཁའི་མཚོན་ཆའི་གནད་དོན་སྔོན་འགོག་བྱེད་པ། དུག་རྫས་དག་ཨ་མེ་རི་ཁའི་དང་ཐ་ན་འཛམ་གླིང་གི་ས་ཁུལ་སོ་སོར་ཁྱབ་པར་སྔོན་འགོག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།