ཨ་མེ་རི་ཁ་དང་རྒྱ་གར་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་སོགས་གྲོས་གཞིར་གྲོས་བསྡུར་བྱས།
2025.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས27ཉིན་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་དང་ས་ཁུལ་གྱི་བདེ་འཇགས་སོགས་གྲོས་གཞིར་གྲོས་བསྡུར་བྱས།

ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གནད་ཟིན་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་སྤེལ་བ་དང་། ཧིན་རྡུ་དང་ཞི་བདེ་རྒྱ་མཚོ་ཆེན་མོ། དབུས་ཤར་དང་ཡོ་རོབ་གླིང་སོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་གྲོས་བསྡུར་བྱས། ཐི་ལིང་ཕུའུ་ཡིས་རྒྱ་གར་གྱིས་ཨ་མེ་རི་ཁས་བཟོས་པའི་བདེ་འཇགས་སྒྲིག་ཆས་མང་དུ་ཉོ་བསྡུ་བྱེད་པ་དང་། སྔར་ལས་འདྲ་མཉམ་གྱི་ཨ་མེ་རི་ཁ་དང་རྒྱ་གར་གྱི་ཉོ་ཚོང་འབྲེལ་བའི་ཕྱོགས་སུ་བསྐྱོད་པའི་རང་ཆེན་རང་བཞིན་ནན་བཤད་བྱས།

ཕྱོགས་གཉིས་ཀྱིས་ད་རུང་མའོ་ཏིས་ཀྱིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་འཆར་གཞི་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།



བསོད་ནམས་ཚེ་རིང་གིས་བསྒྱུར།