ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཕེ་རུའི་ཙུང་ཐུང་ཨ་ཏིས་ཨང་གིས་ཉེ་སྔོན་བསྟན་དོན། སྦྲུལ་གྱི་ལོར་ཞི་བདེ་དང་འཆམ་མཐུན། རྒྱལ་ཁ་བཅས་ཐོབ་པའི་སྨོན་འདུན་ཞུ་ཟེར།
ཨ་ཏིས་ཨང་གིས་ཉེ་སྔོན་བརྙན་རིས་ཞུ་ཚིག་ཅིག་བརྙན་ཕབ་བྱེད་སྐབས་བསྟན་དོན། ཀྲུང་གོའི་མི་དམངས་ཀྱིས་སྦྲུལ་ལོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་འདིར། བློ་གྲོས་དང་དར་རྒྱས་ཀྱི་མཚོན་རྟགས་དེས་ང་ཚོར་དཔལ་འབྱོར་འཕར་སྣོན་དང་མཉམ་ལས་ཀྱི་གལ་ཆེན་རང་བཞིན་དྲན་སྐུལ་བྱས་ཡོད་ཟེར།
ཁོས་བསྟན་དོན། ཕེ་རུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བསྐྱར་སྒྲོག་བྱས་ཤིང་། ཀྲུང་གོའི་བར་གྱི་སྲ་བརྟན་གྱི་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕེ་རུ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།