ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས26ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་རང་གི་ཁྱིམ་གཞིས་ལས་མཐར་སྐྲོད་གཏོང་བའི་གྲོས་གཞི་ཁས་ལེན་མི་བྱེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། མི་རྣམས་རང་ཁྱིམ་དང་འབྲལ་བར་བཙན་སྐུལ་བྱེད་པ་དང་མཐར་སྐྲོད་གཏོང་བ་གང་ཡིན་ཡང་རིགས་རྒྱུད་ཚར་གཅོད་དུ་བརྗོད་ཆོག དབུས་ཤར་ས་ཁུལ་གྱི་གཏན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་བརྟེན་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན་ཟེར། ད་ལྟའི་དུས་རིམ་དུ་ཕྱོགས་སོ་སོས་མུ་མཐུད་དུ་འབད་བརྩོན་བྱས་ཤིང་། འཁྲུག་རྩོད་མཚམས་འཇོག་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་བར་འགན་སྲུང་བྱེད་དགོས་པར་མ་ཟད། ཡ་ང་བའི་འཐབ་འཁྲུག་གི་དཀའ་སྡུག་མྱོང་བཞིན་པའི་ཅཱ་ཧྲ་ས་ཁུལ་གྱི་ཆེད་དུ་བསྐྱར་འཛུགས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།