ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས27ཉིན་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་འཐབ་ཇུས་གཏན་འཇགས་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ཟེར།
ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། གལ་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཨུ་རུ་སིའི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་བ་དང་། ཁྱད་པར་དུ་དངོས་ཡོད་འགུལ་སྐྱོད་ཐད་འགྱུར་ལྡོག་མངོན་འགྱུར་བྱུང་བ་མཐོང་ན། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མོལ་བྱེད་འདོད་ཡོད་ཟེར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དེའི་སྔོན་འཐབ་ཇུས་གཏན་འཇགས་ཐད་ནས་གྲོལ་མོ་བྱེད་པའི་སྐོར་གྱི་གནས་ཚུལ་གླེང་བར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་ཨ་མེ་རི་ཁར་བཏང་བའི་བརྡ་དེ་དག་སྔར་བཞིན་ནུས་ལྡན་ཡིན་པ་དང་། བརྡ་དེ་དག་ཐི་ལིང་ཕུའུ་སྲིད་གཞུང་གིས་ཐོས་ཐུབ་པར་རེ་བྱེད་བཞིན་ཡོད་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཚེས24ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་དང་མཉམ་དུ་མིག་སྔའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ཐད་ནས་འཐབ་ཇུས་གཏན་འཇགས་གནད་དོན་སོགས་འདུས་པའི་ཐག་གཅོད་བྱེད་ས་འཚོལ་ཞིབ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།