དབྱི་སི་རལ་གྱི་ཙུང་ལི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་རེད།
2025.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས28ཉིན་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ2པའི་ཚེས4ཉིན་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་དབྱི་སི་རལ་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་ཐེངས་འདིའི་གྲོས་མོལ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་འབྲེལ་ཡོད་ནང་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།