སེར་ཝེ་ཡཱའི་ཙུང་ལི་ཝུའུ་ཆེ་ཝེ་ཆི་ཡིས་ལས་ཁུར་དགོངས་ཞུ་བྱས།
2025.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

སེར་ཝེ་ཡཱའི་ཙུང་ལི་ཝུའུ་ཆེ་ཝེ་ཆི་ཡིས་ཚེས28ཉིན་སེར་ཝེ་ཡཱའི་སྲིད་གཞུང་གི་ཐོག་ཁང་ཆེན་མོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཝུའུ་ཆེ་ཝེ་ཆི་ཡིས་བཤད་རྒྱུར། ཆོད་དོན་དེ་འདྲ་བཏོན་པ་ནི་རྒྱལ་ནང་དུ་ཉེ་སྔོན་བྱུང་བའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་ཆེད་ཡིན། ཁོ་དང་ནེ་ཀི་ཡིས་སྲིད་གཞུང་གསར་བ་འཛུགས་རག་བར་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཆེ་ཝེ་ཆི་ཡིས་ད་རུང་བཤད་རྒྱུར། ནོའུ་ཝེ་སཱ་ཏི་གྲོང་ཁྱེར་གྱི་ཧྲི་ཀྲང་ཅིག་ལི་ཆི་ཡིས་ཀྱང་ལས་ཁུར་དགོངས་ཞུ་བྱས་ཟེར།

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས27ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་སྲིད་གཞུང་མྱུར་མོར་བསྐྱར་འཛུས་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།