འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཧུར་ཐག་སྒོས་འཇར་པན་དང་ཀྲུང་གོའི་འཐབ་ཇུས་གཉིས་ཕན་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན།
2025.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ཚེས28ཉིན་འཇར་པན་གྱི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཀྲུང་གོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཤིང་། ཧུར་ཐག་སྒོས་འཇར་པན་དང་ཀྲུང་གོའི་འཐབ་ཇུས་གཉིས་ཕན་འབྲེལ་བའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། འཛུགས་སྐྲུན་རང་བཞིན་ལྡན་པའི་གཏན་འཇགས་ཀྱི་ཕྱོགས་གཉིས་འབྲེལ་བ་འཛུགས་དགོས་ཟེར།

ཧྲི་ཕའོ་མའོ་ལ་གྲོས་ཚོགས་སྟེང་ནས་འཇར་པན་དང་ཀྲུང་གོའི་འབྲེལ་བའི་འབྲེལ་ཡོད་གནད་དོན་སྐོར་འདྲི་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ད་རུང་བཤད་རྒྱུར། འཇར་པན་གྱིས་ཁྱབ་ཁོངས་ཆེན་མོར་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། ཐག་གཅོད་ཐོབ་མེད་པའི་གནད་དོན་ཇེ་ཉུང་དུ་བཏང་ནས་མཉམ་ལས་དང་རོགས་ལས་ལ་ཤུགས་སྣོན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།