ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཚེས28ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་གྱི་བདག་འཛིན་དབང་ཆ་འཕྲོག་པའི་འཇིགས་སྐུལ་གནས་ཚུལ་གླེང་སྐབས་བསྟན་དོན། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་ངེས་པར་དུ་བརྩི་འཇོག་བྱེད་དགོས་ཟེར།
ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཉིན་དེར་ཧྥ་རན་སིར་འཚམས་འདྲི་བྱས། ཁོ་མོས་ཕཱ་རེ་སི་ནས་སྨྱན་བྱད་ཀྱི་གསར་འགོད་པར་བཤད་རྒྱུར། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞི་རྩའི་རྩ་དོན་ཡིན་ཟེར།
ཁོ་མོས་བཤད་རྒྱུར། ཨ་མེ་རི་ཁའི་འཇིགས་སྐུལ་གྱི་མདུན་ནས་ཏན་མག་ལ་ཡོ་རོབ་གླིང་གི་གྲོགས་པོའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་དང་། ཨ་མེ་རི་ཁར་བརྡ་གསལ་བོ་བཏང་ཡོད་ཟེར།
ཉིན་དེར་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ད་རུང་དྲ་ཐོག་ཏུ་ཧྥ་རན་སིར་འཚམས་དྲི་བྱེད་པའི་གནས་ཚུལ་སྤེལ་ཏེ། སྟོབས་དང་ལྡན་པའི་ཡོ་རོབ་གླིང་འཛུགས་སྐྲུན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།