མཱ་ཨར་ཏའེ་ཧྥུའུ་ཡི་ཙུང་ཐུང་གིས་ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།
2025.01.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

མཱ་ཨར་ཏའེ་ཧྥུའུ་ཡི་ཙུང་ཐུང་མུའུ་དབྱེ་ཙི་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།

མུའུ་དབྱེ་ཙི་ཡིས་བཤད་རྒྱུར། ཀྲུང་གོ་ལོ་གསར་བའི་ནང་དར་རྒྱས་གོང་འཕེལ་ཡོང་བ་དང་། ཀྲུང་གོའི་མི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

ཁོས་བསྟན་དོན། མཱ་ཨར་ཏའེ་ཧྥུའུ་ཡིས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ཟབ་མོ་དང་སྲོལ་རྒྱུན་མཛའ་བརྩེ་ལ་མཐོང་ཆེན་བྱེད་ཅིང་། མཱ་ཨར་ཏའེ་ཧྥུའུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་ལྷག་བསམ་རྣམ་དག་གི་ལྟ་ཚུལ་བཟུང་ཡོད། ལོ་གསར་བའི་ནང་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་བར་འབད་འབུངས་བྱས་ཏེ་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།