ཨེ་ཅིབ་ཀྱི་མང་ཚོགས་མང་བོས་ཟླ1པོའི་ཚེས31ཉིན་ཨེ་ཅིབ་དང་ཅཱ་ཧྲ་གཅིག་སྦྲེལ་སའི་ལཱ་ཧྥ་རྒྱུ་ལམ་གྱི་ཨེ་ཅིབ་ཕྱོགས་སུ་འདུ་ཚོགས་བསྡུས་ཏེ། ཕཱ་ལེ་སི་ཐན་གྱི་མི་མཐར་སྐྲོད་གཏོང་བར་ངོ་རྒོལ་བྱས།
ཨེ་ཅིབ་དཔོན་ཕྱོགས་ཀྱི་ནེ་ལོ་གཙང་བོའི་བརྙན་འཕྲིན་ཁང་གི་བརྙན་རིས་ལས་མངོན་པ་ལྟར་ན། འདུ་ཚོགས་ལ་ཞུགས་མཁན་ཚོས་ཨེ་ཅིབ་དང་ཕཱ་ལེ་སི་ཐན་གྱི་རྒྱལ་དར་བཟུང་ཞིང་། མཐར་སྐྲོད་ལ་ངོ་རྒོལ་བྱེད་པའི་འཕྲེད་བྱང་མཐོན་པོར་བསྒྲེངས་ཡོད། ཁྲོམ་སྐོར་བྱེད་པའི་དཔུང་སྡེའི་ཁྲོད་དུ་ཨེ་ཅིབ་གྲོས་ཁང་གི་ཆབ་སྲིད་མི་སྣ་ཡོད་པ་དང་སྤྱིར་བཏང་གི་མང་ཚོགས་ཀྱང་ཡོད། ཁོ་ཚོས་ཕཱ་ལེ་སི་ཐན་གྱི་མི་རྣམས་ཁོ་ཚོའི་ཁྱིམ་གཞིས་ནས་ཨེ་ཅིབ་དང་ཅོར་ཏན་དུ་མཐར་སྐྲོད་གཏོང་བར་ཁས་ལེན་མི་བྱེད་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།