འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ཟླ1ཚེས31ཉིན་རྒྱལ་ཚོགས་དམངས་གྲོས་ཁང་གི་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བསྟན་དོན། ཨ་མེ་རི་ཁ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལས་ཕྱིར་བུད་པའི་ཆོད་དོན་ལ་འཐད་པ་མིན་ཟེར།
ཧྲི་ཕའོ་མའོ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་དེའི་སྔོན་འཛམ་གླིང་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འཇར་པན་ལ་མཚོན་ན།ཨ་མེ་རི་ཁས་ནུས་པ་དེ་ཇེ་ཞན་དུ་གཏོང་བའི་བྱེད་ཐབས་ལ་འཐད་པ་མིན་ཟེར།
ཟླ1ཚེས20ཉིན།ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ལས་འགན་ཁུར་བའི་ཉིན་དང་པོར་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། གང་མགྱོགས་སྒོས་བྱེད་ཐབས་སྤྱད་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཨ་མེ་རི་ཁའི་སྲིད་གཞུང་གི་མ་དངུལ་དང་ཐོན་ཁུངས་ཀྱི་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན། བྱ་སྤྱོད་དེར་རྒྱལ་སྤྱིའི་སྟེང་རྩོད་གླེང་ཆེན་པོ་བྱུང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།