ཨ་མེ་རི་ཁས་སོ་མཱ་ལིའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།
2025.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ2པའི་ཚེས1ཉིན་བཤད་རྒྱུར། ཁོས་བཀའ་རྒྱ་བཏང་སྟེ། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་འཇབ་རྒོལ་འཆར་འགོད་མཁན་ཞིག་ལ་དམིགས་པའི་བར་སྣང་འཇབ་རྒོལ་བྱས་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་འཇབ་རྒོལ་འཆར་འགོད་མཁན་དེ་དང་དེས་བསྡུས་པའི་འཇིགས་སྐུལ་ཉེས་ཅན་གཞན་པ་སྦས་སྐོང་བྱེད་སའི་བྲག་ཕུག་རྙེད་ཡོད་པར་མ་ཟད། དེར་གནད་འཁེལ་འཇབ་རྒོལ་བྱས་ནས། འཇིགས་སྐུལ་ཉེས་ཅན་མང་བོ་བསད་པ་དང་། མི་སེར་དཀྱུས་མར་ཤི་རྨས་ཅི་ཡང་བཟོས་མེད་ཟེར། ཐི་ལིང་ཕུའུ་ཡིས་འཇབ་རྒོལ་འཆར་འགོད་མཁན་དེའི་ཐོབ་ཐང་གསལ་བོར་བསྒྲགས་མེད་ལ། དེ་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་མེད་ཀྱང་གསལ་བོར་བཤད་མེད།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ལོ་མང་བོའི་སྔོན་ནས་མཐོ་རིམ་འཇབ་རྒོལ་འཆར་འགོད་མཁན་དེ་ཆམ་ཕབ་གཏོང་སའི་དམིགས་འབེན་དུ་བྱས་ཡོད་ཀྱང་། པེད་ཏིན་སྲིད་གཞུང་གིས་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་ནས་དེ་ཚར་གཅོད་བྱེད་ཐུབ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།