ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཟླ1པོའི་ཚེས31ཉིན་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རིགས་སྣ་ཚོགས་ཀྱི་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་དགོས་ཟེར།
ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། སེ་དབྱེ་ཏི་ཡིས་ལཱ་མུས་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། འཇིགས་སྐུལ་རིང་ལུགས་དང་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་བྱ་འགུལ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་བཏང་སྟེ། འཇིགས་སྐུལ་བྱ་འགུལ་དང་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་བྱ་འགུལ་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་ཟེར།
སེ་དབྱེ་ཏི་ཡིས་ད་རུང་སྔར་ལས་ལྷག་པའི་སྒོག་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གནས་སྤོར་སྡོད་དམངས་ཡོང་སའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གནས་ཚུལ་ལེགས་བཅོས་བྱས་ཏེ། མི་རྣམས་རང་ཡུལ་དུ་བདེ་སྡོད་ལས་བརྩོན་བྱེད་ཐུབ་པར་བྱེད་དགོས་ལ། དེའི་ཞོར་དུ་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་དག་ཕྱིར་རང་ཡུལ་ལ་ལོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།
ལཱ་མུས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་དང་དངུལ་གཏོང་། སློབ་གསོ་སོགས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་དགོས་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།