ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་འཚོ་གནས་དང་འབྲལ་དུ་འཇུག་པར་ངོ་རྒོལ་བྱས།
2025.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཨ་རབ་རྒྱལ་ཁབ་མང་བོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཟླ2པའི་ཚེས1ཉིན་ཁེ་རོ་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་པ་དང་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་རྣམས་ཅཱ་ཧྲ་ས་ཁུལ་དང་བཙན་བཟུང་ཐེབས་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁོངས་ནས་མཐར་སྐྲོད་གཏོང་བའི་གཡོ་ཇུས་གང་རུང་ལ་རྒོལ་བྱེད་བཞིན་ཡོད་ཞིན་ཡོད་ཟེར།

གསལ་སྒྲོག་དེ་ནི་ཨེ་ཅིབ་དང་ཅོར་ཏན། སོ་ཏི་ཨ་རབ། ཁཱ་ཐར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་བཅས་ཀྱིས་མཉམ་དུ་སྤེལ་བ་རེད། གསལ་སྒྲོག་ལས་བཤད་རྒྱུར། ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཨ་མེ་རི་ཁའི་སྲིད་གཞུང་བར་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་ཇུས་གཞིའི་རྨང་གཞིའི་སྟེང་དབུས་ཤར་ས་ཁུལ་དུ་དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། ཚོགས་ཞུགས་ཕྱོགས་ཁག་སོ་སོས་བསྟན་དོན། མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་མི་དང་དེའི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། རྣམ་པ་གང་རུང་དང་རྒྱུ་མཚན་གང་རུང་གིས་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་འཚོ་གནས་ལས་མཐར་བསྐྲོད་གཏོང་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་ནན་བཤད་བྱས།

གསལ་སྒྲོག་ལས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་འབད་བརྩོན་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་ཀྱི་ཕྱོགས་ཡོངས་འཕེལ་རིམ་འཆར་འགོད་དང་ལག་བསྟར་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མིའི་ཉིན་རྒྱུན་འཚོ་བ་ལེགས་བཅོས་བྱེད་པ་དང་ཕཱ་ལེ་སི་ཐན་གྱི་མི་རྣམས་རྒྱལ་ནང་དུ་ཡུལ་འཁྱམས་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།