ཁཱ་ཐར་གྱིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ལ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ཚུལ་བསྟན།
2025.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཟླ2པའི་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་གྱིས་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་འཇུག་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཉིན་དེར་ཨེ་ཅིབ་ཀྱི་ཁེ་རོ་ནས་ཕཱ་ལེ་སི་ཐན་གྱི་གནས་བབ་སྐོར་གྱི་ཨ་རབ་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། བཙན་ཤེད་ཀྱིས་ཕཱ་ལེ་སི་ཐན་གྱི་མི་རྣམས་ཅཱ་ཧྲ་ས་ཁུལ་ནས་གནས་སྤོར་བྱེད་དུ་བཅུག་ན་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ཇེ་ཆེར་འགྲོ་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།