ཨེ་ཅིབ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་གྲོས་བསྡུར་བྱས།
2025.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཟླ2པའི་ཚེས1ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ཁ་པར་གཏོང་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་དང་གཉིས་པའི་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གལ་ཆེན་རང་བཞིན་ལ་འགན་སྲུང་བྱེད་དགོས་པ་ནན་བཤད་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་ སྡོད་དམངས་དག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་ཁ་སྣོན་བྱེད་དགོས་པར་འདོད། སེ་ཞི་ཡིས་ད་རུང་ནན་གྱིས་བསྟན་དོན། དུས་གཏན་དུ་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཞི་བདེའི་འཕེལ་རིམ་མགོ་རྩོམ་པར་དགོས་གལ་ཆེ་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཁ་པར་གཏོང་སྐབས་ཕན་ཚུན་བར་ཉེ་སྔོན་དངོས་གཞིའི་འཚམས་འདྲི་བྱེད་པའི་གདན་ཞུ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།