ཁཱ་ཐར་གྱིས་དུས་ལྟར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་གཉིས་པའི་གྲོས་མོལ་སྤེལ་དགོས་པའི་འབོད་སྐུལ་བཏང་།
2025.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཚེས2ཉིན་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འབྲེལ་བའི་དུས་རིམ་གཉིས་པའི་གྲོས་མོལ་དུས་ལྟར་སྤེལ་དགོས་པའི་འབོད་སྐུལ་བཏང་།

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། མུའུ་ཧན་མའོ་ཏི་ཡིས་ཉིན་དེར་རྒྱལ་ས་ཏའོ་ཧཱ་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་དང་གྲོས་མོལ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་གསར་བ་སོགས་ལ་གྲོས་བསྡུར་བྱས།

མུའུ་ཧན་མའོ་ཏི་ཡིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཕྱོགས་གང་རུང་གིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་གཉིས་པའི་གྲོས་མོལ་ལ་བཀག་འགོག་བྱེད་པར་ཀུ་ཡངས་གཏོང་མི་རུང་ལ། རྩ་ཆེ་བའི་ཞི་བདེའི་གོ་སྐབས་དེ་ཤོར་བར་སྔོན་འགོག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།