མའོ་ཞི་ཁོའི་ཙུང་ཐུང་གིས་ཨ་མེ་རི་ཁས་སྒོ་གཅལ་ཁ་སྣོན་བྱས་པར་ངོ་རྒོལ་བྱེད་པའི་བྱེད་ཐབས་སྤྱོད་རྒྱུའི་ཚུལ་བསྟན།
2025.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

མའོ་ཞི་ཁོའི་ཙུང་ཐུང་ཞིན་པའོ་མུའུ་ཡིས་ཟླ་དང་པོའི་ཚེས1ཉིན་དྲ་ཚིགས་བརྒྱུད་དེ། ཨ་མེ་རི་ཁའི་སྲིད་གཞུང་གི་སྒོ་གཅལ་བྱེད་ཐབས་ལ་དམིགས་ནས། མོས་མའོ་ཞི་ཁོའི་དཔལ་འབྱོར་པུའུ་ཡིས་སྒོ་གཅལ་དང་སྒོ་གཅལ་མ་ཡིན་པའི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲད་དེ་མའོ་ཞི་ཁོའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར།

ཞིན་པའོ་མུའུ་ཡིས་བསྟན་དོན། མའོ་ཞི་ཁོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་མའོ་ཞི་ཁོའི་སྲིད་གཞུང་དང་ནག་ཉེས་རྩ་འཛུགས་ངན་འབྲེལ་བྱེད་པའི་ངག་ཀྱལ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། མའོ་ཞི་ཁོའི་མངའ་ཁོངས་སུ་ཐེ་གཏོགས་བྱེད་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། རྒྱལ་ཁབ་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བཙན་ཤེད་ཀྱི་བྱེད་ཐབས་ཁོ་ན་སྤྱོད་མི་རུང་བར། ཚུལ་མཐུན་དང་བཅའ་ཁྲིམས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་དང་། སྒོ་གཅལ་ཁ་སྣོན་བྱེད་མི་རུང་བར་གྲོས་མོལ་དང་བརྗེ་རེས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།

ཞིན་པའོ་མུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་གྲོང་ཁྱེར་གཙོ་བོའི་སྲང་ལམ་གྱི་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བ་དང་། གཞི་རྒྱ་ཆེ་བའི་དུག་རྫས་འཛད་སྤྱོད་ལ་ངོ་རྒོལ་བྱེད་པའི་ལས་འགན་སྤེལ་བ་སོགས་བྱེད་ཐབས་ལ་བརྟེན་ནས་དུག་རྫས་གནད་དོན་ཐག་གཅོད་བྱས་ཆོག་ཀྱང་། ཨ་མེ་རི་ཁས་ནུས་ལྡན་བྱེད་ཐབས་མ་སྤྱད་པས་དུག་རྫས་གནད་དོན་གྱིས་ཨ་མེ་རི་ཁའི་མང་ཚོགས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ཟེར།

ཞིན་པའོ་མུའུ་ཡིས་བསྟན་དོན། མའོ་ཞི་ཁོ་དང་ཨ་མེ་རི་ཁས་ངེས་པར་དུ་ཕྱོགས་ཡོངས་མཉམ་ལས་བྱས་ཏེ། གོང་གི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ང་ཚོས་གྲོས་མོལ་བྱེད་དགོས་པ་ལས་ཅི་གསུང་དང་ལེན་བྱེད་པ་མ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།