སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཧྲ་ལཱ་ཡིས་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས།
2025.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཧྲ་ལཱ་དང་འཐུས་ཚབ་ཚོགས་པ་ཚེས2ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་འབྱོར་བ་དང་། དེ་ནི་ཁོས་ལས་འགན་ཁུར་བའི་ཚུན་གྱི་འཚམས་འདྲི་ཐོག་མ་རེད།

ཉིན་དེར་སོ་ཏི་ཨི་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་སཱ་ལེ་མན་གྱིས་ཧྲ་ལཱ་དང་མཉམ་དུ་ལེ་ཡཱ་ཏི་ནས་གྲོས་མོལ་བྱས།

2024ལོའི་ཟླ12པར། ཧྲ་ལཱ་ཡིས་མགོ་ཁྲིད་པའི་སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པས་ཏཱ་མཱ་ཧྲི་ཀི་བཅིངས་འགྲོལ་བྱས་ཏེ་ཨ་སཱ་ཏིའི་སྲིད་དབང་རྩ་རྫོགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། ད་ལོའི་ཟླ་དང་པོའི་ཚེས29ཉིན། ཧྲ་ལཱ་ཡིས་སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་གི་འགན་ཁུར་བ་རེད།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཟླ་དང་པོའི་ཚེས24ཉིན་སི་རི་ཡཱ་རུ་འཚམས་འདྲི་བྱས། ཁོས་སི་རི་ཡཱའི་དཔལ་འབྱོར་བཀག་སྡོམ་མེད་པར་གཏོང་བར་རོགས་རམ་བྱེད་ཆེད་ཡོ་རོབ་གླིང་གི་རྒྱལ་ཁབ་དང་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།