ཨ་རིའི་སྨྱན་བྱད་ཀྱིས་ཝ་ཧྲིན་ཏོན་གྱི་གནམ་གྲུའི་གདོང་གཏུག་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་བེམ་པོ་ཚང་མ་ཆུ་འགྲམ་དུ་བླངས།
2025.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚེས4ཉིན། ཨ་རིའི་རླུང་འཕྲིན་ཀུང་སིས་སྤེལ་བའི་གནས་ཚུལ་ལྟར་ན།  ཉིན་ཤས་སྔོན་ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་དུ་ཐོན་པའི་འགྲུལ་སྐྱེལ་གནམ་གྲུ་དང་དམག་སྤྱོད་ཐད་འཕུར་གནམ་གྲུ་གདོང་གཏུག་བྱུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི67ཡི་བེམ་པོ་ཚང་མ་པོ་ཐུའོ་མ་ཁེ་ཆུ་བོ་ནས་ཆུ་འགྲམ་དུ་བླངས་ཡོད་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན།  དེའི་ནང་གི་བེམ་པོ66གི་ཐོབ་ཐང་གཏན་འཁེལ་བྱས་ཡོད་པ་རེད། རོགས་སྐྱོབ་མི་སྣས་སྔར་བཞིན་གཙང་པོའི་ནང་གི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་མུ་མཐུད་དུ་གཙང་སེལ་བྱེད་ཀྱི་ཡོད་པ་དང་། ལྗིད་འདེགས་ལས་སྒྲུབ་ཆེ་གྲས་དེ་ཚེས4ཉིན་གྱི་དགོང་མོའི་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་།  དེའི་རྗེས་སུ་སྔོག་ལེན་གྱི་ལས་སྒྲུབ་དེ་དམག་སྤྱོད་ཐད་འཕུར་གནམ་གྲུའི་ཆག་རོ་ལ་ཕྱོགས་རྒྱུ་རེད།

ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ1པོའི་ཚེས29ཉིན་གྱི་དགོང་མོར།ཨ་རིའི་ཞི་བདེ་རྒྱ་མཚོ་ཆེན་པོའི་ལྷོ་ནུབ་མཁའ་འགྲུལ་ཀུང་སིའི་མི64སྡོད་པའི་ཕང་པ་ཏིའི་རླུང་འབུད་རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཝ་ཧྲིན་ཏོན་ལི་ཀེན་རྒྱལ་ཁབ་གནམ་གྲུ་ཐང་དུ་འབབ་པའི་གོ་རིམ་ཁྲོད་དམག་མི3བསྡད་ཡོད་པའི“བྱ་རྒོད་ནག་པོའི”ཐད་འཕུར་གནམ་གྲུ་ཞིག་དང་གདོང་ཐུག་བྱུང་ནས། གནམ་གྲུ་གཉིས་པོ་ཐོ་མ་ཁེ་གཙང་པོར་ལྷུང་། ཐེངས་དེའི་དོན་རྐྱེན་ཁྲོད་སྲོག་ཉེན་ལས་ཐར་མཁན་གཅིག་ཀྱང་མེད། ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ནི1982ལོའི་ཚུན་གྱི་ཝ་ཧྲིན་ཏོན་གྱི་ཆེས་ཚབས་ཆེ་བའི་མཁའ་འགྲུལ་དོན་རྐྱེན་ཞིག་ཡིན་པར་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།