ཀྲ་ཏིའི་ཙུང་ཐུང་བཞུགས་ཤག་གི་དྲུང་ཡིག་ཆེན་མོས་ཚེས4ཉིན་གྱི་དགོང་མོར་རྒྱལ་ཁབ་བརྙན་འཕྲིན་ཁང་དུ་ཙུང་ཐུང་བཀའ་རྒྱ་བཏོན་ནས་ཧཱ་ལིས་ནཱ་ཡང་བསྐྱར་ཀྲ་ཏིའི་ཙུང་ལི་རུ་བསྐོ་འཇོག་བྱས་པ་ཁྱབ་བསྒྲགས་བྱས།
ཉིན་དེའི་སྔ་ཤས་སུ། ཀྲ་ཏིའི་སྐབས་གསར་པའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི188ཀྱིས་ལས་འགན་འཁུར་བའི་དམ་བཅས་བཞག དུས་ཚོད་འགའ་འགོར་རྗེས། ཀྲ་ཏིའི་ཙུང་ལི་བཞུགས་ཤག་གིས་སྤྱི་ཚོགས་སྨྱན་བྱད་སྟེང་ཙུང་ལི་ཧཱ་ལིས་ནཱ་ཡིས་ཙུང་ཐུང་ལ་ལས་ཁུར་དགོངས་ཞུའི་ཡི་གེ་སྤྲད་པ་ཁྱབ་བསྒྲགས་བྱས།
2024ལོའི་ཟླ5པར། ཀྲ་ཏིས་ཙུང་ཐུང་འདེམ་བསྐོ་བྱས་ཤིང་། མུའུ་ཧན་མོ་ཏི་ཏའེ་པིས་ཙུང་ཐུང་རུ་བདམ་པ་དང་ཧཱ་ལིས་ནཱ་དེའི་རྗེས་ཙུང་ལི་རུ་བསྐོ་འཇོག་བྱས། 2024ལོའི་ཟླ12ཚེས29ཉིན། ཀྲ་ཏིས་ཁྲིམས་འཛུགས་དང་ས་གནས། གྲོང་ཁྱེར་སྲིད་གཞུང་སོགས་ཀྱི་འདེམ་བསྐོ་སྤེལ་ནས་སྐབས་གསར་པའི་རྒྱལ་དམངས་གྲོས་ཁང་བཙུགས་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།