ཟླ2ཚེས4ཉིན། མོ་ཞི་ཁོ་རྒྱལ་དམངས་ཉེན་རྟོག་དཔུང་ཁག་གིས་མོ་ཞི་ཁོ་བྱང་ཕྱོགས་ཀྱི་ཆི་ཝ་ཝ་མངའ་སྡེའི་ཧྭ་ལེ་སི་གྲོང་ཁྱེར་དུ་སྐོར་ཞིབ་བྱེད་བཞིན་པའི་ཚུལ།
མོ་ཞི་ཁོ་རྒྱལ་དམངས་ཉེན་རྟོག་དཔུང་ཁག་སྐོར་ཐེངས་དང་པོ་ཚེས4ཉིན་མོ་ཞི་ཁོ་བྱང་ཕྱོགས་ཀྱི་ཆི་ཝ་ཝ་མངའ་སྡེའི་ཧྭ་ལེ་སི་གྲོང་ཁྱེར་སོགས་ས་ཁུལ་དུ་ཐོན་ནས་མཐའ་མཚམས་བདེ་འཇགས་ལ་ཤུགས་སྣོན་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཉིན་དེར་ཧྭ་ལེ་སི་གྲོང་ཁྱེར་ནས་མཐོང་བ་ལྟར་ན། རྒྱལ་དམངས་ཉེན་རྟོག་དཔུང་ཁག་གི་མི་སྣ120ཙམ་དམག་དོན་གནམ་གྲུར་བསྡད་ནས་གྲོང་ཁྱེར་དེའི་གནམ་གྲུ་ཐང་དུ་འབྱོར་བ་དང་། དེའི་རྗེས་རླངས་འཁོར་ལ་བསྡད་ནས་མཐའ་མཚམས་ཁུལ་དུ་བསྐྱོད་དེ་ལས་འགན་ལས་བསྟར་བྱས་ཟེར། ས་གནས་དེའི་གཞུང་ལམ་གཙོ་བོ་ཁག་ཏུ་བདེ་འཇགས་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་བྱས་ཡོད།
ཟླ2ཚེས4ཉིན། མོ་ཞི་ཁོ་རྒྱལ་དམངས་ཉེན་རྟོག་དཔུང་ཁག་གིས་མོ་ཞི་ཁོ་བྱང་ཕྱོགས་ཀྱི་ཆི་ཝ་ཝ་མངའ་སྡེའི་ཧྭ་ལེ་སི་གྲོང་ཁྱེར་དུ་སྐོར་ཞིབ་བྱེད་བཞིན་པའི་ཚུལ།
ཡུལ་དངོས་ཀྱི་དམག་ཕྱོགས་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མ་འོངས་པའི་ཉིན་འགའི་ནང་རྒྱལ་དམངས་ཉེན་སྲུང་དཔུང་ཁག་གི་མི་སྣ500ཙམ་གྱིས་སྐམ་ས་དང་བར་སྣང་གི་བྱེད་ཐབས་བརྒྱུད་དེ་ཧྭ་ལེ་སི་གྲོང་ཁྱེར་དུ་ཡོང་ནས། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་རེད་ཟེར།
ཟླ2ཚེས4ཉིན། མོ་ཞི་ཁོ་རྒྱལ་དམངས་ཉེན་རྟོག་དཔུང་ཁག་གིས་མོ་ཞི་ཁོ་བྱང་ཕྱོགས་ཀྱི་ཆི་ཝ་ཝ་མངའ་སྡེའི་ཧྭ་ལེ་སི་གྲོང་ཁྱེར་དུ་སྐོར་ཞིབ་བྱེད་བཞིན་པའི་ཚུལ།
ཉིན་དེའི་སྔ་ཤས་སུ། མོ་ཞི་ཁོའི་ཙུང་ཐུང་ཞིན་པོ་མུའུ་ཡིས་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མོ་ཞི་ཁོ་ཕྱོགས་ཀྱིས་ཉིན་དེ་ནས་བཟུང་མོ་ཞི་ཁོ་དང་ཨ་མེ་རི་ཁའི་མཐའ་མཚམས་ཁུལ་དུ་རྒྱལ་དམངས་ཉེན་སྲུང་མི་སྣ་ཁྲི་གཅིག་བཀོད་སྒྲིག་བྱས་ཡོད་པ་ཁྱབ་བསྒྲགས་བྱས། དཔུང་ཁག་འདི་དག་མོ་ཞི་ཁོ་བྱང་ཕྱོགས་མཐའ་མཚམས་ཀྱི་སའོ་ནོ་ལ་མངའ་སྡེ་དང་། ཆི་ཝ་ཝ་མངའ་སྡེ། ཁི་ཨ་ཝེ་ལ་མངའ་སྡེ། ཞིན་ལེ་ཨང་མངའ་སྡེ། ཐཱ་མོ་ལི་ཕེ་སི་མངའ་སྡེ་སོགས་ས་ཁུལ་དུ་བཀོད་སྒྲིག་བྱེད་རྒྱུ་ཡིན་ལ། ལས་འགན་གཙོ་བོ་ནི་དུག་རྫས་ལྐོག་འཚོང་ལ་རྡུང་རྡེག་གཏོང་བ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་སོགས་ཀྱི་བདེ་འཇགས་གནད་དོན་རེད།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས1ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། མོ་ཞི་ཁོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ནས་ནང་འདྲེན་བྱེད་པའི་ཚོང་རྫས་ཀྱི་དཔྱ་ཁྲལ་བརྒྱ་ཆའི་ཉེར་ལྔ་བར་འཕར་བ་དང་། ཚེས3ཉིན་ཐི་ལང་ཕུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཙུང་ཐུང་ཞིན་པོ་མུའུ་དང་ཁ་པར་ཁ་བརྡ་བྱས་ཏེ། མོ་ཞི་ཁོ་ཕྱོགས་ཀྱི་དམག་མི་ཁྲི་གཅིག་མོ་ཞི་ཁོ་དང་ཨ་མེ་རི་ཁའི་མཐའ་མཚམས་ཁུལ་དུ་མངག་གཏོང་བྱ་རྒྱུར་འཐད་པ་བྱུང་ཞིང་། དམག་མི་དེ་དག་གིས་ཧྥིན་ཐེ་ཉིས་དང་ཁྲིམས་འགན་གནས་སྤོར་སྡོད་དམངས་ཨ་མེ་རི་ཁའི་མངའ་ཁོངས་སུ་འཛུལ་བར་བཀག་འགོག་བྱེད་པའི་ཆེད་འགན་ཁུར་ཡོད་ཟེར། ཨ་མེ་རི་ཁ་དང་མོ་ཞི་ཁོ་ཕྱོགས་གཉིས་དཔྱ་ཁྲལ་ཇེ་མཐོར་གཏོང་བའི་བྱེད་ཐབས་དེ་ཟླ་གཅིག་རིང་ནར་འགྱངས་བྱེད་པ་དང་མུ་མཐུད་དུ་གྲོས་མོལ་བྱེད་པར་འཐད་པ་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།