ཨ་ཀེན་ཐིན་སྲིད་གཞུང་གིས་ཚེས5ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་ཀེན་ཐན་གྱི་ཙུང་ཐུང་སྨི་ལེ་ཡིས་ཨ་ཀེན་ཐིན་འཛམ་གླིང་འཕྲོད་བསྟན་རྩ་འཛུགས་ནས་ཕྱིར་བུད་པ་ཐག་གཅོད་བྱས་པ་ཁྱབ་བསྒྲགས་བྱས།
ཨ་ཀེན་ཐིན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཨ་ཏུའར་ཉི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།ཨ་ཀེན་ཐིན་གྱིས་རྒྱལ་སྤྱིའི་རྩ་འཛུགས་གང་རུང་གིས་དེའི་བདག་དབང་དང་མི་དམངས་གྱི་བདེ་ཐང་ལ་ཐེ་གཏོགས་བྱེད་མི་ཆོག་པ་དང་། འཛམ་གླིང་རྩ་འཛུགས་ལས་ཕྱིར་བུད་པ་དེས་ཨ་ཀེན་ཐིན་གྱིས་འཕྲོད་བསྟེན་གྱི་ཞབས་ཞུའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར།
ཨ་ཏུའར་ཉི་ཡིས་བཤད་རྒྱུར། སྨི་ལེ་ཡིས་ཕྱི་འབྲེལ་པུའུ་ཀྲང་ཝེ་ཐེ་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་པའི་གོ་རིམ་ལག་བསྟར་བྱེད་མགོ་ཚུགས་པའི་འགན་བཞེས་ཟིན་ཟེར།
ཏིང་འཛིན་མཚོ་མོས་བསྒྱུར།