ཚེས5ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཅ་ཧྲའི་དམངས་ཚོགས་ལ་དམིགས་ནས་བཙན་ཤེད་གནས་སྤོ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བསྟན།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་གསར་འགོད་པ་ཞིག་གིས་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཅ་ཧྲ་ས་ཁུལ་དུ་སྡོད་པའི་ཕ་ལེ་སི་ཐན་པ་སླར་ཡང་ཅོར་ཏན་དང་ཨེ་ཅིབ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཏུ་བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་རྗེས་སུ་ཨ་རིས་ཅ་ཧྲ་ས་ཁུལ་རྩིས་ལེན་བདག་སྤྲོད་བྱ་རྒྱུ་ཡིན་པར་པར་ཀྲུང་གོ་ཕྱོགས་ལ་དེའི་ཐད་དཔྱད་གཏམ་ཅི་ཞིག་ཡོད་དམ་ཞེས་དྲིས་པར།
ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ“ཕ་ལེ་སི་ཐན་པས་ཕ་ལེ་སི་ཐན་སྐྱོང་རྒྱུ་”ནི་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བཅོས་སྐྱོང་གི་གཞི་རྩའི་རྩ་དོན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།ང་ཚོས་ཅ་ཧྲའི་མང་ཚོགས་ལ་དམིགས་ནས་བཙན་ཤེད་གནས་སྤོ་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། འབྲེལ་ཡོད་ཕྱོགས་སོ་སོས་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་རྒྱུ་དང་དམག་འཁྲུག་རྗེས་ཀྱི་བཅོས་སྐྱོང་གོ་སྐབས་སུ་བརྩིས་ནས་ཕ་ལེ་སི་ཐན་གྱི་གནད་དོན་སླར་ཡང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”རྨང་གཞིར་བྱས་པའི་ཆབ་སྲིད་ཐག་གཅོད་ཀྱི་ཡང་དག་པའི་ལམ་བུར་སྐུལ་འདེད་བཏང་སྟེ། དབུས་ཤར་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།