དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་པོ་ཨ་ལེ་ཧྥུའུ་ཡིས་ཚེས་ལྔ་ཉིན་རྒྱལ་ས་ཏི་ཧའེ་ལན་ནས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་ལིང་སྲིད་གཞུང་ལ་མིག་སྔར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ཐུག་འཕྲད་གྲོས་མོལ་བྱེད་པའི་འཆར་གཞི་མེད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གི་གནས་ཚུལ་ལྟར་ན། ཨ་ལེ་ཧྥུའུ་ཡིས་ཉིན་དེར་ཐི་ལང་ཕུའུ་ཡིས་དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་དང་གྲོས་མོལ་བྱེད་རྒྱུར་འཐད་པ་ཡིན་པའི་ཐད་ལ་ཕྱིར་ལན་སྤྲོད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཨ་ལེ་ཧྥུའུ་ཡིས་ད་དུང་བཤད་རྒྱུར། དབྱི་ལིང་གི་ཆེས་མཐོའི་དབུ་གཙོ་ཧཱ་མའེ་ནེ་དབྱི་ཡིས་སྔ་མོ་ནས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་བེད་སྤྱོད་མི་གཏོང་ཞེས་ཁྱབ་བསྒྲགས་བྱས་ཡོད། ཨ་ལེ་ཧྥུའུ་ཡིས་ཞི་བདེ་སྒོས་ཉིང་ནུས་དང་ལག་རྩལ་བེད་སྤྱོད་གཏོང་རྒྱུ་ནི་དབྱི་ལིང་གི་ལས་འགན་ཐོག་མ་ཡིན་ཞེས་བཤད།
ཨ་ལེ་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་འགོག་སྲུང་ཁྱབ་ཁོངས་འདུ་བའི་ཁྱབ་ཁོངས་ཡོད་ཚད་ཁྲོད་དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་གསལ་བོ་རྒྱུན་འཁྱོངས་བྱས་ཡོད་ཅིང་། རྒྱལ་སྲུང་ཁྱབ་ཁོངས་ཀྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་འབད་པ་བྱེད་བཞིན་ཡོད། ང་ཚོས་འཐབ་འཁྲུག་མི་སློང་ཡང་ང་ཚོས་ནུས་ཤུགས་ཡོད་རྒུས་རང་སྲུང་བྱེད་པར་མ་ཟད། དགོས་ངེས་ཀྱི་སྒྲིག་ཆས་ཉོ་སྒྲུབ་བྱེད་ངེས་ཡིན་ཞེས་བཤད།
ཐི་ལང་ཕུའུ་ཡིས་ཚེས་བཞི་ཉིན་ཙུང་ཐུང་གི་ཟིན་ཐོར་མིང་རྟགས་བཀོད་དེ། དང་ཐོག་ཙུང་ཐུང་འདུག་སྐབས་དབྱི་ལིང་ལ་གནོན་ཤུགས་དྲག་པོ་བྱིན་པའི་བྱེད་ཐབས་རབ་དང་རིམ་པ་ཡང་བསྐྱུར་མགོ་རྩོམ་རྒྱུ་ཐག་བཅད། དེའི་ཁྲོད་རྡོ་སྣུམ་ཕྱིར་གཏོང་གཞི་རྒྱ་རྩ་མེད་དུ་གཏོང་བའི་བྱེད་ཐབས་འདུས་ཡོད་ཅིང་དེ་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཐོབ་པ་བཀག་འགོག་བྱ་ཆེད་རེད།
རིག་འཛིན་སྒྲོལ་མས་བསྒྱུར།