ཨུ་རི་སིའི་རྒྱལ་སྲུང་པུའུ་ཡིས་ཚེས5ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་ཁྱབ་བསྒྲགས་བྱས་དོན། ཨུ་རི་སི་དང་ཝུའུ་ཁི་ལན་གྱིས་ཉིན་དེར་ཡང་བསྐྱར་བཀག་འཇུག་མི་སྣ300བརྗེ་རེས་བྱས་ཟེར།
ཨུ་རི་སི་རྒྱལ་སྲུང་པུའུ་ཡི་ཁྱབ་བསྒྲགས་ལྟར་ན། གྲོས་མོལ་བྱས་པ་བརྒྱུད། ཨུ་རི་སིའི་དམག་མི150ཝུའུ་ཁི་ལན་གྱི་ཚོད་འཛིན་ས་ཁུལ་ནས་ཕྱིར་ཨུ་རི་སིར་བསྐྱལ་བ་དང་། བརྗེ་རེས་བྱེད་པའི་ཆ་ནས། ཨུ་རི་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ཀྱི་དམག་མི150ཕྱིར་སྤྲད།
ཨུ་རི་སིའི་རྒྱལ་སྲུང་པུའུ་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཐེངས་འདིའི་བཀག་འཇུག་མི་སྣ་བརྗེ་སྤོར་ཐད་མི་ཆོས་རིང་ལུགས་ཀྱི་མཐུན་སྦྱོར་བྱས་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས་རྒྱལ་ཁབ་གཉིས་ཀྱིས་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པའི་དོན་དེར་བདེན་དཔང་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་མི་སྣ་ཁ་ཤས་ལོ་གཉིས་ལྷག་ལ་བཀག་འཇུག་བྱས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།