ཕྱི་འབྲེལ་པུའུ་ཡིས་ཨ་རིས་ཕ་ན་མའི་མིས་བཟོས་གཙང་བོའི་གནད་དོན་ལ་འགན་མི་ཁུར་བའི་གཏམ་བརྗོད་སྤེལ་བར་འཐའ་གཅིག་ཏུ་ངོ་རྒོལ་བྱས།
2025.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལིན་ཅན་གྱིས་ཚེས5ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་བཤད་རྒྱུར།  ཉེ་ལམ་ཨ་རིས་ཕ་ན་མའི་མིས་བཟོས་གཙང་བོའི་གནད་དོན་ལ་འགན་མི་ཁུར་བའི་གཏམ་བརྗོད་སྤེལ་བ་དང་།  བསམ་ངན་འཁྱོག་བཤད་བྱས་ཏེ་འབྲེལ་ཡོད་མཉམ་ལས་ལ་ངོ་རྒོལ་དང་རྡོག་རྫིས་བྱས།    ཀྲུང་གོའི་ཕྱོགས་ཀྱིས་དེའི་སྐོར་གྱི་བྱེད་ཕྱོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་མ་ཟད།  ཨ་རིས་ཕྱོགས་ལ་ནན་ཏན་སྒོས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ལིན་ཅན་གྱིས་བསྟན་དོན།  2013ལོར"རྒྱུད་གཅིག་ལམ་གཅིག"གི་གྲོས་མགོ་བཏོན་པ་ནས་བཟུང་།  མཉམ་ལས་ཀྱི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་ཏེ།  མིག་སྔར་འཛམ་གླིང་གིས་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱ་ཁྱབ་ཏུ་ཞུགས་པའི་རྒྱལ་སྤྱིའི་མཉམ་ལས་སྤྱི་སྟེགས་སུ་གྱུར་ཡོད།   ལོ་ངོ་བཅུ་ཕྲག་འགའི་རིང་།  ཕྱོགས་སོ་སོས་སྐུལ་འདེད་དང་མཉམ་སྐྲུན་བྱས་ཏེ"རྒྱུད་གཅིག་ལམ་གཅིག"གི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་ལས་དང་།  སྒོ་འབྱེད་ཁོང་ཡངས།  ཕན་ཚུན་སློབ་སྦྱོང་།  གཉིས་ཕན་མཉམ་རྒྱལ་གྱི་དར་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་།  ཐོག་མཐའ་བར་གསུམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།   "རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་ལ་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བྱས་པ་དང་།རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་སྐྲུན་ལ་ཤུགས་སྣོན་དང་།  རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་གིས་བྱས་རྗེས་འཇོག་པར་སྐུལ་འདེད་བཏང་བས།  འབྲེལ་ཡོད་རྒྱལ་ཁབ་དང་མི་དམངས་ཀྱི་དགའ་བསུ་ཐོབ་ཡོད།

ཁོས་བཤད་རྒྱུར།  མིག་སྔར།   ཀྲུང་གོ་དང་ཕ་ན་མ་ཕྱོགས་གཉིས་ཀྱིས"རྒྱུད་གཅིག་ལམ་གཅིག"གི་སྒྲོམ་གཞིའི་འོག་མཉམ་ལས་རྒྱུན་ལྡན་ངང་སྤེལ་བཞིན་ཡོད་ལ།  མུ་མཐུད་དུ་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་ཡོད།  འབྲེལ་ཡོད་ཕྱོགས་ཀྱིས་ཡིད་ཆེས་བརྟན་པོའི་ངང་ཕྱིའི་བར་ཆད་མི་ཐེབས་པར།  ཕྱོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཁོག་དང་མི་དམངས་ཀྱི་ཡུན་རིང་ཁེ་ཕན་ཐག་གཅོད་ཡང་དག་བྱེད་པའི་རེ་བ་ཡོད་ཟེར།

མིས་བཟོས་གཙང་བོའི་ཉེ་འགྲམ་གྱི་གྲུ་ཁའི་སྐྱེལ་འདྲེན་སྐོར་གྱི་དྲི་བར་ལན་འདེབས་སྐབས།  ལིན་ཅན་གྱིས་བསྟན་དོན།  ཞང་ཀང་དམིགས་གསལ་ས་ཁུལ་སྲིད་གཞུང་གི་ཞང་ཀང་འབྲེལ་ཡོད་ཀུང་ཟིས་ཕ་ན་མའི་མིས་བཟོས་གཙང་བོའི་ཉེ་འགྲམ་གྱི་གྲུ་ཁའི་སྐྱེལ་འདྲེན་སྐོར་གྱི་གནད་དོན་ལ་ལན་བཏབ།

ལིན་ཅན་གྱིས་བཤད་རྒྱུར། ཕཕ་ན་མ་ནི་རྒྱལ་སྤྱིའི་མ་དངུལ་འཇོག་སའི་འདུ་གནས་ཞིག་ཡིན་ལ།  སྔར་ནས་བཟུང་ཁྲིམས་སྐྱོང་བཟང་བོ་དང་ཕྱི་གསལ་ནང་གསལ་གྱི་ཚོང་གཉེར་ཁོར་ཡུག་ཡོད་པས་སྙན་གྲགས་འཛམ་གླིང་ལ་ཁྱབ་ཡོད།  ཀྲུང་གོའི་ཞང་ཀང་དམིགས་བསལ་ས་ཁུལ་གྱི་ཁེ་ལས་ཚུད་པའི་རྒྱལ་ཁབ་སོ་སོ་དང་ས་གནས་སོ་སའི་ཁེ་ལས་ཁག་ལ་འདྲ་མཉམ་དང་དྲང་བདེན་གྱི་ཁོར་ཡུག་ཞིག་སྤྲོད་པར་ཡིད་ཆེས་ཡོད་ཟེར།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།