སི་ལོ་ཝ་ཁི་ཡིས་ཐུར་ཁེ་ཆུ་ཤུར་གྱི་སྦུག་ལམ་བརྒྱུད་ནས་ཨུ་རུ་སུའི་རང་བྱུང་སོལ་རླངས་ནང་འདྲེན་བྱས།
2025.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

སི་ལོ་ཝ་ཁི་ཡི་རང་བྱུང་སོལ་རླངས་འདོན་སྤྲོད་ཚད་ཆེས་མཐོ་བའིSPP ཀུང་ཟིའི་ཡི་འགན་ཁུར་བས་ཚེས6ཉིན་བཤད་རྒྱུར།   ཀུང་ཟི་དེས་ཚེས་གཅིག་ཉིན་ནས་བཟུང་ཐུར་ཁེ་ཆུ་ཤུར་གྱི་སྦུག་ལམ་ནས་ཧང་ག་རི་བརྒྱུད་དེ་ཨུ་རི་སུའི་རང་བྱུང་སོལ་རླངས་ནང་འདྲེན་བྱེད་རྒྱུ་ཡིན་ཟེར།

SPP ཀུང་ཟི་ཡི་ལས་འཛིན་དཔོན་ཝོ་དབྱི་ཅེ་ཧི་ཧྥེ་ལོན་ཙི་ཡིས་སྨྱན་བྱེད་ཁག་ལས་བསྟན་དོན།  SPP ཀུང་ཟི་དང་ཨུ་རི་སུའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟིའི་བར་གྱི་སོལ་རླངས་འདོན་སྤྲོད་གན་རྒྱ་སྔར་བཞིན་ནུས་ལྡན་ཡིན་ཟེར།  ད་ལོའི་ཚེས4ཉིན་ནས་བཟུང་།  ཐུར་ཁེ་ཆུ་ཤུར་གྱི་སྦུག་ལམ་བརྒྱུད་ནས་སི་ལོ་ཝ་ཁིར་སྐྱེལ་འདྲེན་བྱེད་པའི་རང་བྱུང་སོལ་རླངས་ཀྱི་འདོན་སྤྲོད་ཚད་ལྡབ་གཅིག་འཕར་རྒྱུ་ཡིན་ཟེར།  འོན་ཀྱང་ཁོས་བྱེ་བྲག་གི་གྲངས་ཀ་གསལ་བོར་མ་བསྟན།

SPP ཀུང་ཟིའི་ཕྱིར་འཚོང་སྡེ་ཁག་གི་འགན་ཁུར་བ་མིས་ཧར་ལ་ལིས་ཁེ་ཡིས་བསྟན་དོན།  ཐུར་ཁེ་ཆུ་ཤུར་བརྒྱུད་ནས་ཨུ་རི་སུའི་རང་བྱུང་སོལ་རླངས་ལ་སྐྱེལ་འདྲེན་བྱས་པ་ཙམ་གྱིས་སི་ལོ་ཝ་ཁི་ཡི་འཛད་སྤྱོད་དགོས་མཁོ་སྐོང་མི་ཐུབ་ཟེར།

ཐུར་ཁེ་ཆུ་ཤུར་ནི་ཨུ་རུ་སུ་ནས་མཚོ་ནག་བརྒྱུད་ཐུར་ཁེ་རྒྱལ་ཁབ་ལ་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་སྦུག་ལམ་ཡིན་ལ།  བྱེད་ནུས་གཙོ་བོ་ནི་ཨུ་རུ་སུའི་རང་བྱུང་སོལ་རླངས་ཐུར་ཁེ་རྒྱལ་ཁབ་ལ་སྐྱེལ་འདྲེན་བྱེད་པ་དང་ཡང་ན་ཐུར་ཁེ་རྒྱལ་ཁབ་བརྒྱུད་ནས་ཡོ་རོབ་ལྷོ་རྒྱུད་དང་ཤར་རྒྱུད་ལ་སྐྱེལ་འདྲེན་བྱེད་རྒྱུ་དེ་ཡིན།

ན་ནིང་གི་ཟླ12པའི་ཚེས31ཉིན།   ཨུ་རུ་སུའི་རང་བྱུང་སོལ་རླངས་ཝུའུ་ཁི་ལན་བརྒྱུད་ནས་ཡོ་རོབ་ས་ཁུལ་ལ་སྐྱེལ་འདྲེན་བྱེད་པའི་ལོ་ལྔ་ཅན་གྱི་གན་རྒྱའི་དུས་ཚོད་ལོན་རྗེས།  ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅེ་ཡིས་གན་རྒྱ་དེ་མུ་མཐུད་དུ་མི་འཇོག་པ་ཐག་གཅོད་བྱས། ད་ལོའི་ཟླ1པའི་ཚེས31ཉིན་ནས་བཟུང་།  ཝུའུ་ཁི་ལན་བརྒྱུད་ནས་སི་ལོ་ཝ་ཁིར་ཨུ་རུ་སུའི་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་འཚམས་ཆད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།