ཆིང་མའེ་རུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་ཀྲུང་གོ་དང་ཐེ་ལན་གྱི་བཅའ་ཁྲིམས་སྒྲོམ་གཞིའི་འོག་ཀྲུང་གོ་ནས་སྐྱེས་པའི་མི་སྣ་རྒྱལ་ནང་དུ་ཕྱིར་ལོག་པའི་དོན་དག་ཐག་གཅོད་འོས་འཚམ་བྱ་རྒྱུ་རེད།
2025.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཚེས7ཉིན། ཆིང་མའེ་རུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་ཐེ་ལན་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཐེ་ལན་གྱི་བཅའ་ཁྲིམས་སྒྲོམ་གཞིའི་འོག་ཀྲུང་གོ་བ་ཕྱིར་ལོག་པའི་དོན་དག་ཐག་གཅོད་འོས་འཚམ་བྱ་རྒྱུ་ཡིན་ཞེས་བཤད།

དེ་སྔོན་ཐེ་ལན་ཏ་ཧྥུའུ་སྤྱི་པའི་འབྲེལ་བ་ཅུའུ་ཡིས་བརྡ་ཁྱབ་བཏང་ནས། ཚེས6ཉིན་འབར་མ་ཕྱོགས་ཀྱིས་ཐེ་ལན་ཏ་ཧྥུའུ་མེ་སོ་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་བསླུ་བྲིད་བྱས་པའི་ཕྱི་རྒྱལ་གྱི་མི་སྣ61རྩིས་སྤྲོད་བྱས་པའི་ནང་ཀྲུང་གོའི་སྤྱི་དམངས39ཚུད་ཡོད་ཅེས་འཁོད་ཡོད་པ་རེད། ཐེ་ལན་ཏ་ཧྥུའུ་གནས་སྤོར་ཡུལ་མི་ཅུའུ་ཡི་བརྡ་ཁྱབ་ལྟར་ན།མིག་སྔར་ཁོང་ཚོས་ཐེ་ལན་ཕྱོགས་ཀྱི་བརྟག་དཔྱད་དང་འདྲི་རྩད་དང་ལེན་བྱེད་བཞིན་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།