ཚེས7ཉིན། སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་སི་རི་ཡའི་ཙུང་ལི་ཧྲུའོ་ཨེར་ཚི་ཡིས་སི་རི་ཡའི་སྲིད་གཞུང་གསར་པས་རྒྱལ་ནང་གི་ཞི་བདེ་སྲུང་སྐྱོང་བྱ་ཆེད་སྤྱད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གནས་ཚུལ་སྤེལ་བ་ལྟར་ན། སི་རི་ཡའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཨའེ་ཧ་མའེ་ཏི·ཧྲ་ལ་ཡིས་ཉིན་དེར་ཧྲུའོ་ཨེར་ཚི་ལ་ཁ་པར་བཏང་། ཧྲ་ལ་ཡིས་ཁ་པར་བཏང་པ་བརྒྱུད་ནས་སི་རི་ཡའི་བར་བརྒལ་སྲིད་གཞུང་གི་བར་བརྒལ་དུས་མཚམས་དང་། རྒྱལ་ཡོངས་ཀྱི་གྲོས་མོལ་དང་དེ་མིན་བསྟུན་མཁས་རང་བཞིན་གྱི་སྲིད་གཞུང་འཛུགས་རྒྱུ་སོགས་ཐད་བརྩི་སྲུང་བྱེད་པའི་ལམ་ཐིག་དཔེ་རིས་ངོ་སྤྲོད་བྱས་པར་མ་ཟད། དཔལ་འབྱོར་བཀག་སྡོམ་མེད་པར་བཟོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བཞིན་ཡོད་པར་བསྟན། ཧྲུའོ་ཨེར་ཚི་ཡིས་སི་རི་ཡའི་མངའ་ཁོངས་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཧྲ་ལའི་བྱ་ཐབས་དང་ལྷག་པར་དུ་སི་རི་ཡའི་བྱང་ཤར་ས་ཁུལ་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
གནས་ཚུལ་སྤེལ་བ་ལྟར་ན། ཕྱོགས་གཉིས་ཀྱིས་ད་དུང་སི་རི་ཡར་འཕྲད་པའི་བདེ་འཇགས་འགྲན་སློང་ལ་གྲོས་བསྡུར་བྱས་པ་དང་། མཉམ་དུ་འབད་བརྩོན་བྱས་ནས་སི་རི་ཡའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས་པར་མ་ཟད། ད་དུང་སི་རི་ཡའི་ཆབ་སྲིད་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་དགོས་པ་བསྐྱར་བསྒྲགས་བྱས།
ན་ནིང་ཟླ12པའི་ཚེས8ཉིན། ཧྲ་ལས་འགོ་ཁྲིད་པའི“སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཤུགས”ཀྱིས“ཏ་མ་སི་ཁུ་བཅིངས་འགྲོལ་གཏོང་བ་དང་ཨ་ས་ཏེ་སྲིད་དབང་མགོ་རྟིང་སློག་པ”ཁྱབ་བསྒྲགས་བྱས་པ་རེད། ད་ལོའི་ཟླ1པོའི་ཚེས་29ཉིན། ཧྲ་ལ་ཡིས་སི་རི་ཡའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་གི་འགན་འཁུར་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།