ཐི་ལང་ཕུའུ་ཡིས་པའེ་ཏེང་གི་གསང་བའི་ཆ་འཕྲིན་ཐོབ་པའི་དབང་ཚད་མེད་པར་བཟོས།
2025.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཚེས7ཉིན།  ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཁོས་ཙུང་ཐུང་ཟུར་པ་པའེ་ཏེང་གི་བདེ་འཇགས་ཆོག་མཆན་དང་གསང་བའི་ཡིག་ཆ་བསྡུ་ལེན་བྱེད་པའི་དབང་ཚད་མེད་པར་བཟོས་ཟེར།

ཐི་ལང་ཕུའུ་ཡིས“ སྤྱི་ཚོགས་འབྲེལ་འདྲིས་དངོས་མ”ཞེས་པའི་སྟེང་རྩོམ་ཡིག་སྤེལ་ནས། པའེ་ཏེང་གིས་མུ་མཐུད་དུ་གསང་བའི་ཆ་འཕྲིན་བསྡུ་ལེན་བྱེད་དགོས་དོན་མེད་པས་ཁོས་པའེ་ཏེང་གི་བདེ་འཇགས་ཆོག་མཆན་མྱུར་དུ་མེད་པར་བཟོས་པར་མ་ཟད། པའེ་ཏེང་ལ་ཉིན་རེའི་གསང་བའི་གསར་འགྱུར་མདོར་བསྡུས་མཁོ་འདོན་བྱེད་མཚམས་བཞག་པ་ཡིན།   ཆའོ(པའེ་ཏེན། ཁྱོད་རང་ལས་གནས་ལས་ཕྱིར་འཐེན་བྱས་ཡོད" ཅེས་བཀོད།

ཨ་རིའི་སྲིད་ཕྱོགས་ཀྱི་སྲོལ་རྒྱུན་ལྟར་ན། ལས་གནས་ལས་ཕྱིར་འཐེན་བྱས་རྗེས་ཨ་རིའི་ཙུང་ཐུང་ཟུར་པ་ལའང་གསང་བའི་ཆ་འཕྲིན་བསྡུ་ལེན་བྱེད་པའི་དབང་ཆ་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།