ཧ་མ་སིས་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་མི་སྣ་སྐོར་ལྔ་པ་གློད་བཀྲོལ་བཏང་།
2025.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས8ཉིན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་སྐོར་ལྔ་པའི་མི3གློད་འགྲོལ་བཏང་ནས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་རྩིས་སྤྲོད་བྱ་རྒྱུ་ཁྱབ་བསྒྲགས་བྱས།

ཉིན་དེར་སྔ་དྲོ་ཧ་མ་སི་ཁོངས་གཏོགས་དྲག་ཆས་ཕྱོགས་ཁག་ཁ་སཱང་དམག་དཔུང་གི་ཁོངས་མི་ཞིག་གིས་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཏེ་ཨར་པའེ་ལ་ཧེའི་རྩིས་སྤྲོད་ཡུལ་དངོས་སུ་ཧ་མ་སི་ཡིས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣ3རྩིས་སྤྲོད་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

ཚེས8ཉིན། ཕ་ལེ་སི་ཐན་གྱི་བཀག་ཉར་མི་སྣའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལ·ཀྲ་ཅ་ལི་ཡིས་སྔོན་དཔག་བྱས་ན། ཉིན་དེར་དབྱི་སི་རལ་ཕྱོགས་ཀྱིས་བཀག་ཉར་བྱས་པའི་མི་སྣ183གློད་བཀྲོལ་གཏོང་རྒྱུ་རེད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།