དབྱི་སི་རལ་གྱི་དམག་གིས་སི་རི་ཡའི་ལྷོ་རྒྱུད་ཀྱི་ཧ་མ་སིའི་དྲག་ཆས་མཛོད་ཁང་ཞིག་ལ་མཁའ་རྒོལ་བྱས།
2025.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས8ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་ཉིན་དེར་སི་རི་ཡའི་ལྷོ་རྒྱུད་ཀྱི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)ཁོངས་གཏོགས་ཀྱི་གོ་མཚོན་མཛོད་ཅིག་ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་ཟེར།

གསལ་བསྒྲགས་ལས་དབྱི་སི་རལ་གྱི་དམག་དཔུང་གིས་གསང་འཕྲིན་གཞིར་བཟུང་ནས། ཏེ་ཨར་ཨ་ལི་ས་ཁུལ་དུ་ཡོད་པའི་གོ་མཚོན་མཛོད་དེར་འཇབ་རྒོལ་བྱས་པ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་འཐབ་ཕྱོགས་ཁག་ཏུ་ཧ་མ་སི་ཡི་སྟོབས་ཤུགས་ལ་མུ་མཐུད་དུ་རྡུང་རྡེག་གཏོང་བ་དང་། ཉམས་ཞན་དུ་བཏང་ནས་དབྱི་སི་རལ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

གཞན་ཡང་ཚེས8ཉིན་སི་རི་ཡའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སི་རི་ཡའི་ལྷོ་རྒྱུད་ཏེ་ཨར་ཨ་ལི་ས་ཁུལ་གྱི་ས་གནས་ཤིག་ལ་ཉིན་དེར་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་ཡོད་པ་དང་། མིག་སྔར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་འབྱོར་མེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།