ཚེས9ཉིན། ཨུ་རུ་སུའི་གསར་འགྱུར་ཁང་གིས་བཀོད་པའི་གནས་ཚུལ་ལྟར་ན། ཉིན་ཤས་སྔོན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཧྥ་རན་སིའི་འཐབ་འཛིང་གནམ་གྲུ་མཁོ་འདོན་བྱས་ན་ནུབ་ཕྱོགས་དང་ཝུའུ་ཁི་ལན་འཕེལ་མེད་ཀྱི་གནས་སུ་ལྷུང་བ་ལས་ཅི་ཡང་མེད་ཟེར།
ཀྲ་ཧ་ལུའོ་ཝ་ཡིས་བཤད་རྒྱུར། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་དྲག་ཆས་སྤྲད་པ་དང་། ཝུའུ་ཁི་ལན་ཨུ་རུ་སུར་འགོག་རྒོལ་བྱེད་པའི་ལག་ཆ་ཞིག་ཏུ་བརྩིས་ནས་འཐབ་ཇུས་ཐོག་ཨུ་རུ་སུ་ཕམ་པར་བྱེད་ཀྱི་ཡོད། བྱེད་སྟངས་དེ“གཞི་ནས་འཆི་ལམ་དུ་སླེབས་ཡོད”པ་དང་། ནུབ་ཕྱོགས་ལ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཁྲོད་དུ་ཕན་པ་ཅི་ཡང་ཐོབ་མེད་ཟེར།
ཀྲ་ཧ་ལུའོ་ཝ་ཡིས་ད་དུང་བཤད་རྒྱུར། ཨུ་རུ་སུས་ཐོག་མཐའ་བར་གསུམ་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་གྲོས་མོལ་བྱས་ནས་ཐག་གཅོད་བྱ་རྒྱུའི་ཐད་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་གྱི་ཡོད།
ཚེས6ཉིན། ཧྥ་རན་སིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ལེ་ཁོར་ཉི་ཡིས་ཉིན་དེར་ཧྥ་རན་སིས་ཝུའུ་ཁི་ལན་ལ་དམག་འཐབ་གནམ་གྲུ་ཁག་དང་པོ་སྤྲད་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།