ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས་དགུ་ཉིན་སྤེལ་བའི་གསལ་བསྒྲགས་ལས་བཤད་རྒྱུར། ཨེ་ཅིབ་ཀྱིས་ཟླ2པའི་ཚེས27ཉིན་རྒྱལ་ས་ཁེ་རོ་ནས་ཨ་རབ་རྒྱལ་ཁབ་ཀྱི་བྲེལ་མྱུར་རྩེ་ཚོགས་གཙོ་སྒྲུབ་བྱས་ཏེ། ཕ་ལེ་སི་ཐན་གནད་དོན་ཐད་ཀྱི་འཕེལ་རིམ་གསར་བའི་ཐད་ནས་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར།
གསལ་བསྒྲགས་ལས། ཕ་ལེ་སི་ཐན་གྱིས་རྩེ་ཚོགས་བསྡུ་བའི་བླང་བྱ་བཏོན་པ་ལྟར། ཨེ་ཅིབ་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ད་ལྟའི་ཀྲུའུ་ཞིའི་རྒྱལ་ཁབ་པ་ལིན་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡི་མཐུན་སྦྱོར་བྱས་ཤིང་། ཨ་རབ་རྒྱལ་ཁབ་དང་མཐོ་རིམ་གྱི་གྲོས་མོལ་བྱས་རྗེས། ཐེངས་འདིའི་རྩེ་ཚོགས་གཙོ་སྒྲུབ་བྱས་པ་ཡིན་ཅེས་བཤད་འདུག
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཟླ1པོའི་ཚེས25ཉིན་ཅ་ཧྲ་ས་ཁུལ་གཙང་སེལ་བྱེད་པའི་བསམ་ཚུལ་བཏོན་ཏེ། ཨེ་ཅིབ་དང་ཅོར་ཏན་གྱིས་ཅ་ཧྲ་ས་ཁུལ་ནས་ཐོན་པའི་ཕ་ལེ་སི་ཐན་གྱི་མི་སྣ་དང་ལེན་དང་བཀོད་སྒྲིག་བྱེད་པར་མ་ཟད། བཀོད་སྒྲིག་དེ་ནི་གནས་སྐབས་ཙམ་དང་ཡང་ན་ཡུན་རིང་ཡིན་པའི་ཚུལ་བསྟན། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཟླ1པོའི་ཚེས29ཉིན། ཨེ་ཅིབ་ཀྱིས་ཕ་ལེ་སི་ཐན་པ་ཕྱིར་འདེད་བྱེད་པར་ཁས་མི་ལེན་ཞེས་བཤད་པ་དང་། ཟླ2པའི་ཚེས1ཉིན། ཨ་རབ་ཀྱི་རྒྱལ་ཁབ་མང་པོ་དང་ཨ་རབ་མནའ་འབྲེལ་གྱིས་ཁེ་རོ་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་ཏེ་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཕ་ལེ་སི་ཐན་པ་ཅ་ཧྲ་ས་ཁུལ་དང་བདག་འཛིན་བྱས་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁོངས་ནས་ཕྱིར་འདེད་བྱེད་པའི་དམིགས་ཡུལ་གང་རུང་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།