ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཚེས11ཉིན་ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥེ་ལིས་ཙི་ལིས་ཁི་སིན་དང་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཅ་ཧྲ་ས་ཁུལ་གྱི་གནས་ཚུལ་གསར་བའི་ཐད་ནས་གྲོས་སྡུར་བྱས་ཤིང་། ཕ་ལེ་སི་ཐན་པ་བཙན་གྱིས་ཅ་ཧྲ་ནས་ཁ་འབྲལ་དུ་འཇོག་མི་རུང་བ་ནན་བཤད་བྱས།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། མགོ་ཁྲིད་པ་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཀྱི་དུས་རིམ་གསུམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དགོས་གལ་ཆེ་བ་ནན་བཤད་བྱས་ཤིང་། བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པ་དང་། མྱུར་བ་མྱུར་དུ་བཀག་འགོག་ཅི་ཡང་མེད་པའི་སྒོ་ནས་ཅ་ཧྲ་རུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་ད་དུང་། ངེས་པར་དུ་ཅ་ཧྲ་བསྐྱར་འཛུགས་བྱེད་མགོ་རྩོམ་པ་དང་། ཕ་ལེ་སི་ཐན་པ་བཙན་གྱིས་ཡུལ་འཁྱམས་བྱེད་དུ་མི་འཇོག་པའི་གནས་ཚུལ་འོག ཅ་ཧྲ་ཡང་བསྐྱར་འཚོ་སྡོད་ལ་འཚམ་པར་བྱས་ནས་ཕ་ལེ་སི་ཐན་པ་རང་གི་ས་གནས་སུ་འཚོ་བ་རོལ་བའི་དབང་ཆར་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན།
ཕྱོགས་གཉིས་ཀྱིས1967ལོར་བཙུགས་པའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་ས་ལེམ་ཤར་མ་རྒྱལ་ས་རུ་བྱས་པའི་སྒེར་ཚུགས་ཀྱི་ཕ་ལེ་སི་ཐན་པའི་རྒྱལ་ཁབ་འཛུགས་པའི་དགོས་གལ་རང་བཞིན་བསྐྱར་སྒྲོག་བྱས་ཤིང་། དེ་ནི་ཡུན་རིང་གི་ཞི་བདེ་དང་བརྟན་འཇགས། དཔལ་འབྱོར་དར་རྒྱས་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་ནན་བཤད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།