ཟླ2པའི་ཚེས13ཉིན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅིས་ཚེས13ཉིན་བསྟན་དོན། ཝུའུ་ཁི་ལན་ཞུགས་མེད་པའི་ཞི་བདེའི་གྲོས་མོལ་དང་ལེན་མི་བྱེད་པ་དང་། ཡོ་རོབ་གླིང་གི་གྲོགས་པོ་ཡང་ཕྱོགས་གཅིག་ཡིན་པའི་ཆ་ནས་གྲོས་མོལ་ལ་ཞུགས་འོས་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཙེ་ལིན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ཉིང་རྡུལ་གློག་འདོན་རྟེན་གཞི་ཧི་མེ་ལེ་ཉི་ཚི་ལ་རྟོག་ཞིབ་བྱེད་སྐབས་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཁ་པར་བཏང་པའི་གནས་ཚུལ་ཐད་ནས་སྨྱན་བྱད་ལ་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་གྲོས་མོལ་དེ་སྔོན་ལ་སྤེལ་ནས། ཨུ་རུ་སི་བཀག་འགོག་བྱེད་པའི་ཇུས་གཞི་གཏན་འབེབས་བྱས་རྗེས། ད་གཟོད་ཨུ་རུ་སི་དང་གྲོས་མོལ་བྱས་ན་འདྲ་མཉམ་རེད་ཟེར།
ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་ནི་ཡོ་རོབ་གླིང་གི་ཁག་ཅིག་ཡིན་པ་དང་། མ་འོངས་པར་ངེས་པར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་དགོས་ལ། ཡོ་རོབ་གླིང་གི་མི་སྣ་ཡང་གྲོས་མོལ་ལ་ཞུགས་འོས་པར་སྙམ། ཁོས་ད་རུང་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་དང་ཨུ་རུ་སིའི་འཁྲུག་རྩོད་ཁྲོད་ཝུའུ་ཁི་ལན་དང་ཡོ་རོབ་གླིང་གིས་འཛད་གྲོན་བརྒྱ་ཆའི་བརྒྱད་བཅུ་དང་ཨ་མེ་རི་ཁས་བརྒྱ་ཆའི་ཉི་ཤུ་འགན་འཁུར་ཡོད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།