རྒྱ་གར་གྱི་རྒྱལ་སའི་མེ་འཁོར་ས་ཚིགས་ཤིག་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར།
2025.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བའི་དབུ་བཞུགས་པུའུ་ཀྲང་ཨ་ཏིས་ཞེ་མཱ་ཨར་ལའེ་ནཱ་ཞིན་ཀི་ཡིས་ཚེས16ཉིན་བཤད་རྒྱུར། དྷི་ལེ་གསར་བའི་མེ་འཁོར་ས་ཚིགས་ཤིག་ནས་ཚེས15ཉིན་གྱི་དགོང་མོར་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་། མི15ལ་རྨས་ཕོག་ཡོད་ཟེར།

རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྡོག་བརྫིས་དོན་རྐྱེན་དེ་ཚེས15ཉིན་གྱི་དགོང་མོའི་དུས་ཚོད8ཡས་མས་སུ། སཀབས་ཐོག་དེར་འགྲུལ་བ་མང་བོས་སྟེགས་བུའི་སྟེང་རྒྱ་གར་བྱང་ཕྱོགས་མངའ་སྡེའི་ཕུའུ་ལཱ་ཡཱ་ཀི་ལཱ་ཅེ་གྲོང་ཁྱེར་དུ་བགྲོད་པའི་མེ་འཁོར་ལ་སྒུག་བཞིན་ཡོད་པ་དང་། ཁོ་ཚོ་གྲོང་ཁྱེར་དེའི་ཁྲུས་གསོལ་ཆེན་མོའི་དགའ་སྟོན་བྱ་འགུལ་ལ་ཞུགས་པའི་འཆར་གཞི་ཡོད་པ་རེད་ཟེར།

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་དོན་རྐྱེན་བྱུང་རྗེས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། རྡོག་བརྫིས་དོན་རྐྱེན་ལས་མི་སྣར་ཤི་རྨས་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན། རྒྱ་གར་གྱི་ལྕགས་ལམ་པུའུ་ཀྲང་ཝ་དབྱེ་ཧྲི་ནོའུ་ཡིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།