ཅི་པུའུ་ཐིས་ཀྱི་ཕྱི་འབྲེལ་བློན་ཆེན་ཡུག་སུའུ་ཧྥུའུ་སྐབས་གསར་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།
2025.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅི་པུའུ་ཐིས་ཀྱི་ཕྱི་འབྲེལ་བློན་ཆེན་ཡུག་སུའུ་ཧྥུའུ་ཚེས15ཉིན་སྐབས་བསོ་བརྒྱད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་སྐབས་གསར་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། ཐེངས་འདིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འདེམ་བསྐོ་ལ་བསྡོམས་པས་འདེམ་སྒུག་མི་སྣ3ཡོད་པ་དང་། ཡུག་སུའུ་ཧྥུའུ་དང་ཁུན་ནེ་ཡཱའི་སྔོན་ཆད་ཀྱི་ཙུང་ལི་ཨོ་ཐིན་ཅཱ། མཱ་ཏཱ་ཀཱ་སི་ཁཱའི་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཨན་ཏི་ལེ་ཡཱ་མན་ཅཱ་ཐུའུ་བཅས་རེད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་སྐབས་གཅིག་གི་འགན་ཡུན་ལོ་ངོ་བཞི་ཡིན་པ་དང་། བསྟུད་འགན་ཐེངས་གཅིག་ཁུར་ཆོག ཡུག་སུའུ་ཧྥུའུ་ཡིས་ཧྥ་ཅི་ཡི་ཚབ་ཏུ་འགན་ཁུར་ནས་སྐབས་གསར་བའི་ཀྲུའུ་ཞིར་གྱུར་བ་རེད། ཧྥ་ཅི་ནི2017ལོར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། 2021ལོར་བསྟུད་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།