འཇར་མན་གྱི་ཙུང་ལི་ཡིས་ཝན་སི་ཡིས་འཇར་མན་གྱི་ཆབ་སྲིད་ལ་ཐེ་གཏོགས་བྱས་པ་འོས་འཚམ་མིན་པའི་ཚུལ་བསྟན།
2025.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས15ཉིན་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཝན་སི་ཡིས་ཚེས14ཉིན་གཏམ་བཤད་སྤེལ་ཏེ་འཇར་མན་གྱི་གདམ་གསེས་ཏང་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་འོས་འཚམ་མིན་པ་དང་། ཕྱི་ཕྱོགས་ནས་འཇར་མན་གྱི་ཆབ་སྲིད་ལ་ཐེ་གཏོགས་བྱས་པ་འོས་འཚམ་མིན་ཟེར།

ཧྲའོ་ཨར་ཚི་ཡིས་བཤད་རྒྱུར། འཇར་མན་གྱིས་ཕྱི་ཡོང་མཁན་གྱིས་ང་ཚོའི་དམངས་གཙོ་དང་ང་ཚོའི་འདེམ་བསྐོ། དམངས་གཙོའི་གླེང་ཕྱོགས་བཅས་ལ་ཐེ་གཏོགས་བྱེད་པ་དང་ལེན་བྱེད་མི་སྲིད་ཟེར།

ཝན་སི་ཡིས་ཚེས14ཉིན་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་གི་གཏམ་བཤད་ཁྲོད་དམངས་་གཙོ་དང་གནས་སྤོར་སྡོད་དམངས་སོགས་གནད་དོན་ཐད་ནས་ཡོ་རོབ་གླིང་ལ་སྐྱོན་བརྗོད་ཆེན་པོ་བྱས། མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་སུ། ཝན་སི་ཡིས་འཇར་མན་གདམ་གསེས་ཏང་གི་ཀྲུའུ་ཞི་ཝེ་ཏི་ཨར་ལ་ཐུག་འཕྲད་བྱས་པ་དང་། ཧྲའོ་ཨར་ཚི་ལ་ད་རུང་ཐུག་འཕྲད་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།