ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་ཡིས་འགོག་སྲུང་འཐབ་ཇུས་གྲོས་མོལ་ཐེངས་ཉེར་གསུམ་པ་སྤེལ།
2025.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས17ཉིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་པེ་ཅིང་ནས་འགོག་སྲུང་འཐབ་ཇུས་གྲོས་མོལ་ཐེངས་ཉེར་གསུམ་པ་སྤེལ་བ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་ཇུས་འདོན་པུའུ་ཡི་ཇུས་འདོན་དཔོན་པོ་གཞོན་པ་ཞུའུ་ཆི་ལིན་དང་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་སྲུང་དམག་དཔུང་གི་དམག་སྤྱི་གཞོན་པ་ཆི་ཕུའུ་མན། རྒྱལ་སྲུང་པུའུ་ཡི་དྲུང་ཡིག་ཆེན་མོ་གཞོན་པ་ཅེ་ཧྥོ་ལི་བཅས་ཀྱིས་མཉམ་དུ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་འབྲེལ་བ་དང་ས་ཁུལ་གྱི་བདེ་འཇགས། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གཞན་པའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། མུ་མཐུད་དུ་འགོག་སྲུང་ཁྱབ་ཁོངས་ཀྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣོན་བྱེད་པ་དང་། འགལ་བ་ཐག་གཅོད་འོས་འཚམ་བྱས་ནས་བརྗེ་རེས་དང་མཉམ་ལས་སྤེལ་བར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།