ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས17ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་སེ་ཕུའུ་ལུའུ་སིའི་ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་བྱེད་པའི་ཕྱོགས་བསྡུས་འཆར་གཞི་ཞིག་གཏན་འབེབས་བྱེད་བཞིན་ཡོད་པ་དང་། འཆར་གཞི་དེས་ཕཱ་ལེ་སི་ཐན་གྱི་མི་རྣམས་ཡུལ་འཁྱམས་མི་བྱེད་པ་དང་རང་ཉིད་ཀྱི་ཕ་ཡུལ་དང་འབྲལ་མི་དགོས་པར་འགན་སྲུང་བྱས་ཡོད་ཟེར།
ཕྱོགས་གཉིས་ཀྱིས་བསྐྱར་སྒྲོག་བྱས་དོན། 1967ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་ནི་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་འགན་སྲུང་ཉག་ཅིག་ཡིན་ཟེར།
ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཇི་ལྟར་ཤུགས་སྣོན་པར་གྲོས་བསྡུར་བྱས་པ་དང་། དེའི་ནང་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་དང་སྐྱེལ་འདྲེན་སོགས་ཀྱི་ནང་དོན་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།