སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཚེས17ཉིན་རྒྱལ་ས་ལེ་ཡཱ་ཏི་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་དང་དེ་མིན་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་ཆེད་སྤེལ་བཞིན་པའི་བྱ་བ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
སོ་ཏི་ཨ་རབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མུའུ་ཧན་མའོ་ཏི་དང་ལུའུ་པུས་ཨོ་གཉིས་ཀྱིས་སོ་ཏི་ཨ་རབ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བར་ཕྱིར་དྲན་བྱས་པ་དང་། ཇི་ལྟར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་པའི་ཐད་ནས་གྲོས་བསྡུར་བྱས།
ཉིན་དེའི་སྔ་དྲོར། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་ལུའུ་པུས་ཨོ་གཉིས་ཀྱིས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།