ས་གནས་དེ་གའི་ཟླ2པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་ཀྲུའུ་ཀྲང་ཝང་དབྱི་ཡིས་ཉིག་ཡོ་རུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་ཀྲུང་གོའི་སའི་གོ་ལའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་པའི་ཐད་ཀྱི་བསམ་ཚུལ་རྒྱས་བཤད་བྱས།
ཝང་དབྱི་ཡིས་བསྟན་དོན། ལོ་བརྒྱད་ཅུའི་སྔོན་ལ། ཀྲུང་གོའི་འཐུས་མིས་ཐོག་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྟེང་མིང་བཀོད་དེ། འཛམ་གླིང་ལོ་རྒྱུས་སྟེང་ཀྲུང་གོའི་བྱས་རྗེས་ངོ་མཚར་བ་ཞིག་བཞག་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱས་པ་ནས་བཟུང་། ང་ཚོས་རྒྱུན་མཐུད་སྒོས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཐད་ཀྲུང་གོའི་བྱས་རྗེས་འཇོག་གིན་ཡོད། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་བཏོན་པ་ལས། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཐད་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།