ཙེ་ལིན་སི་ཅི་ཡིས་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱེད་པའི་འགྲུལ་བཞུད་རྗེས་སུ་སྣུར།
2025.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས18ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་བཤད་རྒྱུར། ཁོས་ཟླ་འདིའི་ཚེས19ཉིན་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་པའི་འཆར་གཞི་རྩིས་མེད་དུ་བཏང་བ་དང་། འབྲེལ་ཡོད་ཀྱི་འགྲུལ་བཞུད་དེ་ཟླ3པའི་ཚེས10ཉིན་བར་རྗེས་སུ་སྣུར་ཡོད་ཟེར།

ཉིན་དེར་ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་སོ་ཏི་ཨ་རབ་ནས་གྲོས་མོལ་བྱས་པར་དམིགས་ནས། ཙེ་ལིན་སི་ཅི་ཡིས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་དང་ཡོ་རོབ་གླིང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་བསྡུར་ནང་ཞུགས་དགོས་པ་ལས། གྲོས་མོལ་དེ་ཁོ་ཚོ་ཞུགས་མེད་པའི་གནས་ཚུལ་འོག་སྤེལ་བ་འོས་འཚམ་མིན་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་སོ་ཏི་ཨ་རབ་ནས་གྲོས་མོལ་བྱས་པར་ཧ་ལས་ཡོད་པ་དང་། ངས་མིག་སྔར་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱེད་མི་སྲིད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་མགྲོན་བདག་རྒྱལ་ཁབ་བྱས་ཏེ་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་པ་དང་། མི་འགྱངས་པར་ཐུར་ཁེ་རྒྱལ་ཁབ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན། ཨ་མེ་རི་ཁ་བཅས་རྒྱལ་ཁབ་བར་སྤེལ་སྲིད་པའི་གྲོས་མོལ་གྱི་མགྲོན་བདག་རྒྱལ་ཁབ་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།