ཨ་མེ་རི་ཁའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཚེས18ཉིན་སོ་ཏི་ཨ་རབ་ནས་ཨུ་རུ་སིའི་བར་གྱི་གྲོས་མོལ་མཇུག་སྒྲིལ་རྗེས་སྨྱན་བྱད་ལ་བསྟན་དོན། ཐེངས་འདིའི་གྲོས་མོལ་བྱས་རྗེས་ཀྱི་བྱེད་ཐབས་དང་པོ་ནི་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་རྒྱུན་ལྡན་འཁོར་སྐྱོད་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་མཇུག་བསྒྲིལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སིའི་གཞུག་ཕྱོགས་ཀྱི་བྱེད་ཐབས་གཙོ་བོ་ནི་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པས་བྱ་བ་སྤེལ་རྒྱུ་དེ་ཡིན་ལ། ང་ཚོ་ཕྱི་འབྲེལ་འཐུས་ཚབ་ཚོགས་པ་བདེ་བླག་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།