ཚེས20ཉིན་ཧྥ་རན་སིའི་རྒྱལ་སྲུང་པུའུ་ཀྲང་ལེ་ཁི་ཨར་ནེ་དང་ཁོ་ཐེ་ཏི་ཝོར་གྱི་རྒྱལ་སྲུང་པུའུ་ཀྲང་ཝ་ཐཱ་ལཱ་གཉིས་ཀྱིས་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པུས་རང་གི་པུའུ་ཨེ་གྲུ་ཁ་ནས་མཉམ་དུ་ཡིག་ཆ་བཀོད་དེ། ཧྥ་རན་སི་ཡིས་ཁོ་ཐེ་ཏི་ཝོར་ལ་པུའུ་ཨེ་གྲུ་ཁའི་དམག་དོན་རྟེན་གཞི་དངོས་སུ་བརྒྱུད་སྤྲོད་བྱས།
ཉིན་དེའི་སྔ་དྲོར། ཧྥ་རན་སིའི་ཕྱོགས་ཀྱིས་ཐོག་མར་སྔོན་ཆད་ཀྱི་ཀྲ་པུའུ་ཨེ་གྲུ་ཁར་སྡོད་པའི་དམག་དོན་རྟེན་གཞིའི་ཧྥ་རན་སིའི་མཚོ་དམག་སྐམ་འཐབ་རུ་ཁག་གི་སྒར་ཤོག་ཞེ་གསུམ་པའི་སྒར་ས་དེ་ཁོ་ཐེ་ཏི་ཝོར་གྱི་དམག་ཕྱོགས་ལ་བརྒྱུད་སྤྲོད་བྱས་པ་རེད། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཁོ་ཐེ་ཏི་ཝོར་ཕྱོགས་ཀྱིས་རྒྱལ་ཁབ་རང་བཙན་བྱས་རྗེས་ཀྱི་སྤྱི་ཁྱབ་ཇུས་འདོན་དཔོན་ཐོག་མའི་མིང་ལྟར་པུའུ་ཨེ་གྲུ་ཁའི་དམག་དོན་རྟེན་གཞིར་མིང་འདོད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།