དབྱི་སི་རལ་གྱི་དབུས་རྒྱུད་ཀྱི་ས་ཆ་མང་པོར་སྤྱི་སྤྱོད་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་།
2025.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས20ཉིན་གྱི་དགོང་མོར་དབྱི་སི་རལ་དབུས་རྒྱུད་ཀྱི་ས་ཆ་མང་པོ་ཞིག་ཏུ་སྤྱི་སྤྱོད་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་ཡོད་པ་དང་།  གནས་སྐབས་སུ་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།

དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་དེ་ནི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་གྱི་དོན་རྐྱེན་ཞིག་ཡིན་པ་དང་། ཉུང་མཐར་ཡང་ས་གནས5ལ་དུས་གཅིག་ཏུ་འགས་གཏོར་དོན་རྐྱེན་འབྱུང་རྒྱུ་འཆར་འགོད་བྱས་ཡོད་པ་རེད། པ་ཐི་ཡ་མུའུ་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་མི་འདྲ་བར་ཡོད་པའི་སྤྱི་སྤྱོད་རླངས་འཁོར3ལ་འགས་གཏོར་དོན་རྐྱེན་བྱུང་བ་དང་། དོན་རྐྱེན་བྱུང་སྐབས་རླངས་འཁོར་ནང་དུ་མི་མེད། གཞན་ཡང་སྤྱི་སྤྱོད་རླངས་འཁོར་གཉིས་ལ་ས་ཁུལ་མི་འདྲ་བ་ནས་འགད་རྫས་སྒྲིག་སྦྱོར་བྱས་ཡོད་པ་ཤེས་རྟོགས་བྱུང་ནས་འགས་གཏོར་དོན་རྐྱེན་མ་བྱུང་གོང་འགད་རྫས་བླངས་ཡོད་པ་རེད།

དབྱི་སི་རལ་གྱི་མྱུར་སྐྱོབ་སྡེ་ཁག་གིས་བཤད་པ་ལྟར་ན་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་ཟེར།

གནས་ཚུལ་སྤེལ་བ་ལས།  དབྱི་སི་རལ་གྱི་བདེ་འཇགས་སྡེ་ཁག་བརྟག་དཔྱད་ཁྲོད་ཞུགས་ཡོད་པར་མ་ཟད།  ཐི་ལ་ཝའེ་ཧྥུའུ་དང་དེ་མིན་མཐའ་འཁོར་གྱི་སྤྱི་སྤྱོད་རླངས་འཁོར་ཚང་མར་ཞིབ་བཤེར་བྱས་ནས་འགད་རྫས་དེ་ལས་མང་པོ་བཙལ་རྒྱུ་རེད། ད་ལྟ་དབྱི་སི་རལ་རྒྱལ་ཡོངས་ཀྱི་སྤྱི་པའི་འགྲིམ་འགྲུལ་ཚང་མ་གནས་སྐབས་སུ་མཚམས་བཞག་ཡོད་པ་དང་འབྲེལ་ཡོད་སྡེ་ཁག་གིས་བདེ་འཇགས་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།