ཕོ་བྲང་དཀར་པོ་ནས་བཤད་ན་ཐི་ལང་ཕུའུ་ཡིས་གཟའ་འཁོར་རྗེས་མར་ཧྥ་རན་སི་དང་དབྱིན་ཇིའི་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
2025.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས་ཉེར་བཞི་ཉིན་དང་ཚེས་ཉེར་བདུན་ཉིན་སོ་སོར་འཚམས་འདྲིས་ཕེབས་པའི་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མའོ་གཉིས་དང་ཁ་བརྡ་བྱས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གནད་དོན་ལ་གྲོས་སྡུར་བྱ་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་ལས་རོགས་པ་ཧྭ་ཨར་ཚི་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་སྟེང་། ཨ་མེ་རི་ཁས་ཕྱོགས་ཀྱིས་ཡོ་རོབ་ཀྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་མང་བོ་འདོན་སྤྲོད་བྱེད་པར་དགའ་བསུ་ཞུ་ཞིང་། ངས་ངའི་ཡོ་རོབ་ཀྱི་ལས་གྲོགས་རྣམས་པར་བཤད་པ་ནང་བཞིན། གྲོས་མོལ་མདུན་ཅོག་སྟེང་གོ་གནས་མང་པོ་ཟིན་འདོད་ན་སྔར་ལས་མང་བའི་ལག་བཟུང་ཡོད་པའི་སྒོ་ནས་གྲོས་མོལ་བྱེད་དགོས་པའི་ཚུལ་བསྟན།

མ་ཁི་ལུང་གིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་། ཁོ་ཉིན་འགའི་རྗེས་སུ་ཨ་མེ་རི་ཁར་སོང་སྟེ་ཐི་ལང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་ཁས་བླངས་ཤིང་། ཁོས་ད་རུང་ལི་ལང་ཕུའུ་ཡིས་མནའ་གྲོགས་ལ་ངེས་གཏན་མིན་པའི་རང་བཞིན་བསྩལ་ཡོད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་དེའི་སྔོན། སི་ཐ་མའོ་གཟའ་འཁོར་རྗེས་མའི་ནང་ཨ་མེ་རི་ཁར་སོང་སྟེ་ཐི་ལང་ཕུའུ་དང་ཐུག་འཕྲད་བྱ་རྒྱུ་མ་ཟད། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་། བདེ་འཇགས་བཅས་ཕྱོགས་ཀྱི་དམིགས་བསལ་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། གཞན་དབྱིན་ཇིའི་ཉིན་རེའི་གློག་འཕྲིན་ཚགས་པར་གྱི་གསར་འགྱུར་ལྟར་ན། སི་ཐ་མའོ་ཡིས་ཐི་ལང་ཕུའུ་ལ་ཡོ་རོབ་ཀྱི་དམག་མི་ཁྲི་ཙམ་ཝུའུ་ཁི་ལན་གྱི་ཞི་བདེ་སྲུང་སྐྱོབ་ཐད་མངག་གཏོང་བྱེད་པ་དང། ཨ་མེ་རི་ཁས་དམག་དོན་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས་པའི་གྲོས་གཞི་འདོན་རྩིས་ཡོད་ཀྱང་། ཨ་མེ་རི་ཁས་ཝུའུ་ཁུ་ལན་ཕྱོགས་ལ་དམག་དཔུང་མངག་རྒྱུ་མིན་པའི་ཚུལ་བསྟན་ཟིན།

རིག་འཛིན་སྒྲོལ་མས་བསྒྱུར།